11495
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་ལེའུ་བཅུ་གཉིས་པའི་སྐབས་ཀྱི་གྲུབ་མཐའི་བསྡུས་དོན། མཚན་གཞན་ལ། ཡིད་བཞིན་མཛོད་ཀྱི་གྲུབ་མཐའ་བསྡུས་པ་ཞེས་ཀྱང་བྱ། ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པ་ཞིག་སྟེ། དང་པོ་སྤང་བྱ་ཕྱི་རོལ་མུ་སྟེགས་པའི་སྐོར་བཤད་པ་དང་། གཉིས་པ་བླང་བྱ་ནང་པའི་གྲུབ་མཐའ་ལ་ཐེག་པ་ཆེ་ཆུང་གཉིས་དང་། ཐེག་པ་ཆེན་པོའི་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་སོགས་ཀྱི་དོན་བསྡུས་ཏེ་བཤད་པའི་གཞུང་ཞིག་ཡིན། |