11505
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རིགས་ལྡན་རྒྱལ་དཀའི་ལོ་ཐོག་མ་ཤར་ཁའི་ཤིང་མོ་བྱ་ལོའི་དབོ་ཟླ་བའི་རྒྱུན་གྱི་གཟའ་ཚེས་ཀྱི་དྷྲུ་བའི་གནས་དང་པོ་གཟའ་གནས་ལ་ ༠ དང་གནས་གཉིས་པ་ཆུ་ཚོད་ལ་ ༥༠ དང་། གནས་གསུམ་པ་ཆུ་སྲང་ལ ༤ དང་། གནས་བཞི་པ་དབུགས་ལ ༢ དང་། གནས་འོག་མ་ཆ་ཤས་རི་མཁའ་རི་ཞེས་པ་ལ་ ༣༨ བཅས་བྱུང་བ་དེ་ལ་ཟེར། ཉིན་བྱེད་སྣང་བ་ལས། གཟའ་ཚེས་རྩིས་འཕྲོ་གཟའ་གནས་མཁའ། །ཆུ་ཚོད་མཁའ་འབྱུང་སྲང་ཆུ་མཚོ། །དབུགས་སུ་ལག་པ་རི་མཁའ་རིའི། །ཆ་ཤས་གནས་སུ་ཀླུ་མེའོ། །ཞེས་བྱུང་། |
| Domain | རྩིས་རིག |