11506

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲུབ་མཐའི་གཟའ་ལྔའི་སྤྱིའི་ཉིན་ཞག་རྩིས་འཕྲོ་ (1)
Part of speech མིང་ཚིག
Definition རིགས་ལྡན་རྒྱལ་དཀའི་ལོ་ཐོག་མ་ཤར་ཁའི་ཤིང་མོ་བྱ་ལོའི་དབོ་ཟླ་བའི་ཉིན་ཞག་གཟའ་ལྔའི་སྤྱི་ཞག་གི་རྒྱུན་ནི་རེ་བཞིའི་གནས་སུ་ ༩ དང་། རི་མཁའ་རིའི་གནས་སུ་ ༦༢༡ བྱུང་བ་དེ་ལ་ཟེར། ཉིན་བྱེད་སྣང་བ་ལས། གཟའ་ལྔའི་སྤྱི་ཡི་ཉིན་ཞག་འཕྲོ། །རེ་བཞི་ཆར་བུག་རི་མཁའ་རིའི། །ཆ་ལ་གཟུགས་མིག་བྲོ་བའོ། །ཞེས་བྱུང་།
Domain རྩིས་རིག