From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གྲུམ་པ་ (1)
| Part of speech
|
མིང་ཚིག
|
| Definition
|
ལུས་འཕྱི་བ་ལྟར་འཚོ་ཞིང་གཟུགས་དབྱིབས་ཀྱང་འཕྱི་བ་འདྲ་ལ་དེ་ལས་ཅུང་ཟད་ཆེ་བའི་སྲོག་ཆགས་ཤིག་སྟེ། མགོ་བོ་ཆུང་ལ་འགྲམ་པ་དང་མཆུ་རིང་བར་སྨ་ར་མེད་ཅིང་རྐང་ལག་ཐུང་ལ་སྡེར་མོ་རྣོ་བས་ས་ཁུང་འདྲུ་ཐུབ་ཀྱི་ཡོད། མཇུག་མ་ཅུང་ཟད་སྦོམ་ལ་རིང་ཞིང་སྤུ་མདོག་སེར་ནག་རིང་བ་དང༌། སྒལ་གཞུང་དང་རྒྱབ་ཀྱི་སྤུ་མདོག་དཀར་ནག་འདྲེས་མ་ལྟ་བུ་ཡིན་ཞིང༌། བྲང་ལོག་ནས་རྐུབ་བར་དང་ཡན་ལག་བཞི་བཅས་ཀྱི་སྤུ་མདོག་ཕལ་ཆེར་ནག་ཤས་ཆེ་བ་དང༌། རྩིབ་མའི་ལོགས་ཀྱི་སྤུ་མདོག་སེར་སྐྱ་མང་བ་ཡོད། སྣ་གདོང་དང་འགྲམ་ཟུར་གཉིས་ཀྱི་སྤུ་དཀར་པོ་ཐུང་བ་དང་བར་གྱི་སྤུ་ནག་པོ་ཡིན། རྒྱུན་དུ་འཚོ་གནས་བྱེད་ཡུལ་ནི་རི་སུལ་དང༌། ཤིང་མ་ལྡུམ་གྱི་ནགས་ཚལ། ཞིང་འགྲམ་དང༌། མཚོ་འགྲམ། ས་རྒོད། ཆུ་འགྲམ་སོགས་ཀྱི་ཁུང་ནང་དུ་ཡིན། ཁུང་བུའི་རིང་ཚད་ལ་ཁྲུ་བཅུ་ཕྲག་ཁ་ཤས་ཡོད་ཅིང༌། ཁུང་ཕན་ཚུན་བརྟོལ་ནས་ཕར་ཚུར་འགྲོ་ས་ཡོད། སྲོད་དང་མཚན་མོ་གང་སར་རྒྱུ་བ་མང་ཞིང༌། ཟས་སུ་རྩི་ཤིང་གི་རྩ་བ་དང༌། ཆ་ག་པ། སྦལ་པ། ཨ་བྲའི་རིགས་སོགས་དང༌། དེ་མིན་སྲོག་ཆགས་སུག་བཞིའི་རིགས་ཤི་བའི་ཤ་ལ་སོགས་པ་སྣ་ཚོགས་ཟ་བ་ཡིན། དབྱར་དུས་འཁྲིག་སྦྱོར་བྱས་ཏེ། མངལ་སྦྲུམ་པའི་དུས་ཡུན་རིང་བས་ཕྱི་ལོའི་ཟླ་བ་གསུམ་པ་བཞི་པར་ཕྲུ་གུ་བཙའ་ཐེངས་རེ་ལ་གསུམ་ནས་ལྔ་བར་བཙའ། ཕྲུ་གུ་བཙས་ནས་ཟླ་གཅིག་ལོན་རྗེས་མིག་འབྱེད་ཀྱི་ཡོད། དགུན་གྱི་རིང་འཕྱི་བ་ལྟར་ཁུང་སྦུབས་སུ་ཉལ་བ་ཡིན།
|
གྲུམ་པ་ (2)
| Part of speech
|
མིང་ཚིག
|
| Definition
|
དངོས་རྫས་གས་པའམ་ཆག་པ་ནས་དུམ་བུར་གྱུར་པའི་དོན་གྱི་བྱ་བའི་མིང་སྟེ།
|
| Example
|
དཀར་ཡོལ་གྲུམ་པ་ལྟ་བུ།
|