11548
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆུ་སེར་ཤ་ལ་ཞུགས་ཤིང་གནས་པའི་ཤ་ཏྲེམ། ཆུ་སེར་རུས་ལ་ཞུགས་ཤིང་གནས་པའི་རུས་ཏྲེམ། ཆུ་སེར་རྩ་ལ་ཞུགས་ཤིང་གནས་པའི་རྩ་ཏྲེམ། ཆུ་སེར་ཆུ་རྒྱུས་ལ་ཞུགས་ཤིང་གནས་པའི་ཆུ་ཏྲེམ། བད་ཀན་གྲང་བ་ལྡན་པའི་ཏྲེམ་དཀར། ཁྲག་དང་ཚད་པ་ལྡན་པའི་ཏྲེམ་ནག་གོ །གྲུམ་བུའི་ནད་ཀྱི་རྒྱུ་རྐྱེན་གཞི་མཐུན་དུ་ནི། རླན་གཤེར་ཆེ་བའི་ཡུལ་དང་། སྣུམ་པ་སྟེ་རྩི་ཤིང་ནགས་ཚལ་མང་བའི་ཡུལ་དུ་ཡུན་རིང་བསྡད་པ། ཆུ་དང་རླན་གཤེར་ཆེ་སར་ལས་ཀ་ཡུན་དུ་བྱས་པ། ཁ་ཟས་ཀྱང་སྣུམ་ལ་བཅུད་ཅན་གྱི་རིགས་ཡུན་དུ་བསྟེན་དྲགས་པའི་རྐྱེན་ལས། ཟས་ཟོས་པའི་དྭངས་མ་ཚུལ་བཞིན་རང་གནས་སུ་མ་སྨིན་པར། ལུས་ལ་ཆུ་སེར་ཚད་ལས་བརྒལ་བ་རྒྱས་ཏེ། དེ་ཉིད་ཤ་དང་རུས་པ། ཆུ་རྒྱུས་བཅས་ལ་གནས་ནས་གྲུམ་བུའི་ནད་སྐྱེད་པར་བྱེད་པ་ཡིན་ནོ། ། |
| Domain | གསོ་རིག |