11563

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲུལ་བུམ་གདོན་ (1)
Part of speech མིང་ཚིག
Definition གྲུམ་བུམ་ཞེས་གདོན་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ་འབྲས་བུ་བུམ་པའི་དབྱིབས་དང་འདྲ་བའི་ཡི་དྭགས་ཀྱི་རིགས་ཤིག་གི་མིང་ཡིན་པས་དེས་གནོད་པ་གཏོང་བའི་ནད་ལ་གྲུལ་བུམ་གྱི་གདོན་ཞེས་ཟེར་ཏེ། སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པ་ལས། གྲུལ་བུམ་གདོན་གྱིས་ཟིན་པའི་རྟགས། མཆོག་མང་སྨྲ་ཞིང་ཁ་དོག་གནག དལ་གྱིས་འགྲོ་བར་བྱེད་པ་དང། རླིག་པ་སྐྲངས་ཤིང་འཕྱང་བ་ཡིན། ཞེས་གསུངས་པ་ལྟར་རོ། །
Domain གསོ་རིག