11588

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲེས་མ་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་རྩྭ་ལྡུམ་རིགས་ཤིག་གི་མིང་སྟེ། ལོ་མ་རལ་གྲིའི་དབྱིབས་ཅན་མེ་ཏོག་སྔོ་སྨུག་ཡིན། དེ་ལ་གྲེས་མ་ཕོ་དང་། གྲེས་མ་མོ། མ་ནིང་གྲེས་མ་བཅས་རིགས་གསུམ་ཡོད། སྔོ་སྨན་དུ་བཀོལ་ཆོག་ལ། རོ་ཚ། ནུས་པ་འབྲས་བུས་སྲིན་གསོད། མེ་ཏོག་གིས་མིག་གསལ། གླང་ཐབས་འཛོམས། འདི་ལ་གཞན་དུ་དྲེས་མ་ཞེས་ཀྱང་བྲིས་ཡོད་དེ། འབེ་ལོ་ཙཱ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་ཐོར་བུའི་སྐོར་ཉེར་མཁོ་སྣ་ཚོགས་བསྡུས་པ་ལས། གྲེས་མ་ནི། རྩྭ་དྲེས་མ་ཡང་ཟེར་བ་དེའི་མིང་འབྲི་སྲོལ་ཞིག་སྟེ། ངག་གི་སྒྲོན་མེ་གཙོས་པའི་དག་ཡིག་ཕལ་མོ་ཆེ་ཀུན་གྱི་ནང་དྲེས་མ་ཞེས་མིང་གཞི་ད་བྱས་པ་ཤས་ཆེ་ནའང་གནའ་རབས་ཀྱི་སྨན་གཞུང་དག་པ་རྣམས་སུ་གྲེས་མ་ཞེས་མིང་གཞི་ག་བྱས་པ་ཡང་མཆིས་པས་གདམ་ངའོ། །ཞེས་གསུངས་པ་ལྟར་རོ། །