11611
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཛོད་དགེ་གྲོ་ཚང་དུ་འཁྲུངས། འཁྲུངས་ལོ་མི་གསལ། ཆུང་དུས་ནས་གྲོ་ཀུན་བཟང་ཉི་མའི་སྤྲུལ་སྐུར་ངོས་འཛིན་མཛད། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས། བསྡུས་གཞུང་སྦྱངས། སྐུ་འབུམ་དགོན་དུ་བྱོན། ཕར་ཕྱིན་སོགས་གཞུང་ལྷག་མ་བཞི་ལ་ཐུགས་གཉེར་མཛད། རབ་བྱུང་བཅུ་གསུམ་པའི་མེ་གླང་ཕྱི་ལོ ༡༧༥༧ ལོར་སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས། སྔར་གྱི་འགྲིག་ལམ་ཀུན་སྤྱོད་ཉམས་པ་སླར་གསོས་དང་། མ་ཉམས་པ་རྣམས་གོང་འཕེལ་དུ་མཛད། གྲྭ་ཚང་རང་ལ་རྩ་རྒྱུད་དང་། བཤད་རྒྱུད། མན་ངག་རྒྱུད། ཕྱི་མ་རྒྱུད་དེ་འཛིན་གྲྭ་བཞིར་ཕྱེས། བརྩི་བཞག་ལ་ཡང་སྨན་རྒྱུད་བཞི་གནང་། དབྱར་ཆོས་དང་། སྟོན་ཆོས་གཉིས་ལ་རྡེའུ་དང་སྟོར་པོ་འགྲེམས་པ་དང་། དབྱར་གནས་ལ་སྨན་རིགས་ངོས་འཛིན་པའི་རྣམ་གཞག་འཁྲུངས་དཔེ་བློ་ལ་བཟུང་། དྲི་མེད་ཤེལ་ཕྲེང་ལ་སློབ་ཁྲིད་ལེགས་པར་མཛད། ཧོར་ཟླ་བདུན་པའི་ཚེས་གཉིས་ནས་དབྱར་བྱིན་རླབས་གནང་ངོས་ཆུ་དཀར་རི་ཁྲོད་དུ་ཕེབས། ས་དང་རྡོ་ཤིང་སྔོ་སྨན་གྱི་ངོས་འཛིན་ཞག་བདུན་ཙམ་དུ་མཛད་པའི་སྲོལ་བཙུགས། དངུལ་སྲང་བཞི་སྟོང་བརྒྱད་བརྒྱ་བརྒལ་བའི་རྒྱུ་སོང་གིས་འདུ་ཁང་རྒྱ་མཐོངས་སྒོ་སྐྱོར་ཁྱམས་ན་རྔ་ཁང་དང་བཅས་པ་གསར་བཞེངས་མཛད། རྟེན་གསུམ་མཆོད་རྫས་ཡོ་བྱད་གང་མཁོ་གསར་བསྐྲུན་གྱིས་སྤྱི་འཇོག་ཏུ་ཕུལ། འདས་ལོ་མི་གསལ། ཁོང་ནི་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་དང་པོ་ཡིན། |