11651
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕྱི་ལོའི་དུས་རབས་བཅུ་གཅིག་པའི་སྨད་དུ་གཉལ་ཆོས་སྒོ་ཤོ་བོར་འཁྲུངས། གཞོན་དུས་ཇོ་བོ་རྗེ་དང་། འབྲོམ་སྟོན་པ་ལས་བཀའ་གདམས་པའི་ཆོས་སྐོར་རྣམས་གསན། བྲིན་ལས་ཀྱི་གཙུག་ལག་ཁང་ཆེན་མོའང་བཏབ། རྔོག་བློ་ལྡན་ཤེས་རབ་ཀྱི་སློབ་མ་ཐུགས་སྲས་བཞི་ལས་གསུང་རབ་ཀུན་ལ་མཁས་པའི་མཆོག་ཡིན། གསུང་རྩོམ་ནི་ལམ་རིམ་དང་། བསྟན་རིམ། ཚད་མའི་འགྲེལ་ཆུང་བཅས་བཞུགས། བསྟན་རིམ་ཆེན་མོ་དེ་ནི་ལམ་སྒྲོན་གྱི་དགོངས་འགྲེལ་ཡིན། |