11653

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲོ་ལོ་ས་འཛིན་ (1)
Part of speech མིང་ཚིག
Definition འདི་ནི་ལོ་མང་སྐྱེ་བའི་སྔོ་ལྡུམ་ས་འཛིན་རིགས་ཤིག་རེད། རྩ་བ་རིལ་དབྱིབས་ལ་ལོགས་ནས་སྨ་ར་འདུ་བའི་རྩ་བ་མང་དུ་འབྱུང་ཞིང་དེའི་རྩེ་ངོས་སུ་ཤ་རྒྱུ་ཅན་གྱི་རྩ་འབྲས་རྡོག་པོ་ཐོན་ཡོད་པ་དེའི་དབྱིབས་མ་ངེས་སྣ་ཚོགས་འབྱུང༌། ཕྱི་ཤུན་རྫ་མདོག་ཤིན་ཏུ་སྲབ་ལ་ནང་ངོས་དཀར་དམར་ཅན་ཤ་སྙི་བ། སྐྱེ་གནས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱི་ཁྲི་ ༡༦༠༠ ནས་ ༤༩༠༠ ཙམ་བར་གྱི་ཡུར་འགྲམ་དང༌། ཞིང་ཁའི་མུ་འགྲམ། རི་ཀླུང་དང་ནགས་སོགས་ཡོད་པར་སྐྱེ། བོད་དང༌། ལ་དྭགས། སྒང་ཐོག བལ་ཡུལ་སོགས་ནས་ཐོན། རོ་མངར་བ། ནུས་པ་རྟུལ་ལ་སྐམ་པ། ངོ་བོ་བསིལ་བ་དང་ཕན་ཡོན་ལུས་སྟོབས་རྒྱས་ཤིང་འཁྲུ་བ་གཅོད་པར་བྱེད་པ་ཡིན། འདི་ལ་མིང་གཞན་གྲོ་མ་ཡང་ཟེར།