11657
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་གསུམ་པའི་ཆུ་བྱ་ཕྱི་ལོ་ ༡༡༥༣ ལོར་ཆུ་སྒོ་ལུམ་དུ་འཁྲུངས། ཁོང་རྩིས་པ་གཞོན་ནུ་སེང་གེ་ལས་བསྙེན་པར་རྫོགས། རྡོ་སྟོན་ཤེས་རབ་གྲགས་པ་དང་། ཞང་བཙུན་རྡོ་རྗེ་འོད་ཟེར་ལས་ཤར་བ་པ་ལས་བརྒྱུད་པའི་གདམ་པ་མ་ལུས་པར་མནོས། ཆུ་མིག་པ་ཤེས་རབ་གྲགས་པ་ལས་ཀརྨ་པའི་ལམ་རིམ་ཡང་གསན། མུ་སྨན་པ་ཆེན་པོ་དང་། སངས་རྒྱས་དབོན་སྟོན་སོགས་མཁས་གྲུབ་དུ་མ་བསྟེན། གསན་པ་རྒྱ་ཆེན་པོ་མཛད། བྱང་རྭ་སྒྲེང་དགོན་དུ་འབུལ་མོ་ཆེ་ཐེངས་གསུམ་མཛད། རྭ་སྒྲེང་དགོན་གྱི་རྩེར་གསེར་ཏོག་ཁམས་གསུམ་ཟིལ་གནོན་ཡང་བཞེངས། ལམ་མཆོག་གི་རྩ་བ་ཚིགས་སུ་བཅད་པ་མཛད། འཕྲིན་ལས་ཆེ། སྣར་ཐང་གི་དཔལ་མགོན་ཡང་སྐབས་འདིར་བྱུང་། གནས་བརྟན་བཅུ་དྲུག་གདན་འཛོམས་ཀྱང་མཛད་པ་རེད། སྣར་ཐང་གི་གདན་ས་ལོ་ངོ་སོ་དགུའི་རིང་བསྐྱངས། རབ་བྱུང་བཞི་པའི་ཆུ་འབྲུག་ཕྱི་ལོ་ ༡༢༣༢ ལོར་སྐུ་གཤེགས། གདུང་རྟེན་ནི་གདན་ས་གསུམ་པའི་གདུང་རྟེན་གྱི་ཤར་ན་བཞུགས། དཔལ་སྣར་ཐང་དགོན་པའི་གདན་རབས་བཞི་པ་ཡིན། |