11668
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མང་ཆེ་བ་རྡོའི་འོག་ཏུ་ཁུང་བྲུས་ནས་མང་པོ་འདུས་སྡོད་བྱེད་པ་དང༌། ཐུན་མོང་དུ་འབུ་ཕྲུག་སྐྱོང་ཞིང་ཟས་ནི་འབུ་སྲིན་གྱི་རིགས་དང་ཤ་རིགས་བཟའ། ཤུགས་ཤིན་ཏུ་ཆེ་བས་རང་ཉིད་ཀྱི་ལུས་ཚད་ལས་ལྡབ་བཅུ་ཙམ་ལྕི་བའི་དངོས་པོ་ཁུར་ཐུབ། མགོར་ཤ་མིག་གཉིས་དང་སྤུ་རྭ་གཉིས་ཡོད་པ། རྐང་ལག་དྲུག་ཡོད་པ་བྲང་ལས་གྱེས་ཤིང་ཁོག་སྟོད་ལས་ཁོག་སྨད་ཆེ་བ། བྲང་དང་ལྟོ་བ་འབྲེལ་མཚམས་ཀྱི་སྐེད་པ་ཤིན་ཏུ་ཕྲ་བ། མོ་ཅུང་ཟད་ཆེ་ཞིང༌། ཕོ་ཅུང་ཟད་ཆུང་བ། ནར་གསོན་དུས་སོན་དུས་གཤོག་པ་སྐྱེ་བ། ལུས་མདོག་ནག་པོ་ལ་འོད་དང་ལྡན་པ་ཞིག་སྟེ། རོ་ལན་ཚ། ཞུ་རྗེས་མངར། ནུས་པ་སྙོམས་པ། ངོ་བོའི་ནུས་པས་རྩ་ཁ་འབྱེད་ཅིང་དམུ་ཆུའི་ནད་སྦྱོང་པར་བྱེད། |