11671

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲོག་མཁར་བ་ (1)
Part of speech མིང་ཚིག
Definition སྔར་རྒྱ་གར་གྱི་དྲང་སྲོང་ཆེན་པོ་ཞིག་སྟེ། གྲོག་མའི་མཁར་དུ་དཀའ་ཐུབ་གྲུབ་པས་མིང་དེ་ལྟར་བཏགས་པར་གྲགས། ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་གྱི་ཡིད་བཞིན་མཛོད་སོགས་སུ་གསུངས་པ་ལྟར་ན། སྔར་རྒྱ་གར་དུ་དར་པའི་མུ་སྟེགས་རྒྱང་འཕེན་པའི་ལྟ་བ་ཞེས་པ་དེ། དང་ཐོག་ལྷའི་བླ་མ་དྲང་སྲོང་ཕུར་བུས་ཐམས་ཅད་ལ་སྐུར་པ་འདེབས་པ་ལྟ་བའི་སྙིང་པོ་ཞེས་བྱ་བའི་བསྟན་བཅོས་བརྩམས་པ་ལས། གྲོག་མཁར་བས་མིའི་ཡུལ་དུ་དར་བས་བྱས་ཚུལ་གསལ་ཞིང་། གྲུབ་མཐའ་འདིས་སྐྱེ་བ་སྔ་ཕྱི་དང་ལས་འབྲས་སོགས་མི་འདོད་དེ། གྲོག་མཁར་བའི་གསང་ཚིག་ལས། མ་ཤིའི་བར་དུ་ཅི་བདེ་སྤྱོད། །ཤི་ནས་དེ་ཡི་སྤྱོད་ཡུལ་མིན། །ལུས་ནི་ཐལ་བ་ལྟར་གྱུར་ནས། །སླར་སྐྱེ་བ་དག་ག་ལ་སྲིད། །ཅེས་བསྟན་ཡོད་དོ།