11675

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲོག་ཤིང་ (1)
Part of speech མིང་ཚིག
Definition སྐྱེ་དངོས་གཞན་དང་འདྲ་བའི་རྩ་བ་དངོས་སུ་མི་གསལ་བར་ས་དང་འདྲེས་ནས་སྐྱེ་ཞིང༌། ལོ་མ་དང་སྡོང་པོ་ཡང་དབྱེ་བ་མེད་པ་རྩ་ལྗང་ལ་ཅུང་ནག་ཅིང་འཇམ་ལ་མཉེན་པ་སྤང་ལྟར་འགྲིག་སྟེ་སྐྱེ་བས་སྤྱིའི་དབྱིབས་རས་གོས་སྤུ་མ་ལྟར་ལ་དཀྱིལ་ནས་ཟེའུ་འབྲུ་འདྲ་བའི་དངོས་པོ་ཡང་མཐོང་རྒྱུ་ཡོད་པ་སྟེ། གྲོག་ཤིང་ལྷ་ཁང་དང་མཆོད་རྟེན་དུ་སྐྱེ་བ་མཆོག དེ་མིན་དུ་སྐྱེ་བ་དམན་པ་བཅས། ཡུལ་ཕྱོགས་གང་སར་ཆར་ཕོག་པའི་ལྷ་ཁང་དང༌། མཆོད་རྟེན། གྱང་རྙིང་སོགས་ཀྱི་ལོགས་སུ་སྐྱེ་བ། བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མ་བཟོས་རྗེས་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་ལུས་ཀྱིས་རྐང་ལག་རེངས་འཁུམས་སེལ་བ་དང༌། ཚ་དུགས་ཀྱིས་ཚ་བ་དང་ཟུག་གཟེར་འཇོམས་པར་བྱེད་པ་ཡིན།
Domain གསོ་རིག