11684

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲོགས་ཀྱིས་འགོག་པ་ (1)
Part of speech མིང་ཚིག
Definition འགོག་རྒྱན་ཉེར་གསུམ་གྱི་ནང་གསེས་བཅུ་གསུམ་པ་སྟེ། ཕ་རོལ་པོར་དོན་དེ་མྱུར་དུ་སྒྲུབ་པ་ལ་བསྐུལ་མ་གཏོང་བ་ལྟར་བྱས་ནས། དུས་སྐབས་འདི་ལས་ཡོལ་ན། རྗེས་སུ་ཁྱོད་ཀྱི་འདོད་པ་སྒྲུབ་པའི་སྐབས་མེད་པར་སྟོན་པའི་སྒོ་ནས་འགོག་པ་སྟོན་པ་ཞིག་ཡིན།
Example བོད་མཁས་པས། གྲོགས་ཁྱོད་ལོངས་སྤྱོད་བཞེད་ན་འདྲེན་བྱེད་ཀྱིས། །གཟིགས་ཚད་བྱི་བ་བཞིན་དུ་ལྐོག་གསོག་འཚལ། ། ཕྱིས་ནི་འཆི་བདག་གཏུམ་པོའི་ཤབ་རྒྱུགས་ཀྱིས། །ཁབ་ཙམ་འཁྱེར་དབང་མེད་པའི་དུས་ཤིག་མཆི། །ཞེས་པ་ལྟ་བུ།
Domain རྩོམ་རིག