11692
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ། གང་གིས་ཆོས་མ་ཡིན་པ་བྱེད་པར་འགྱུར་ན། དེ་འགོག་པར་བྱེད་པ། སྦྱིན་པ་གཏོང་དུ་འཇུག་པ། ཚུལ་ཁྲིམས་ལ་གོམས་པར་བྱེད་དུ་འཇུག་པ། གྲོགས་པོ་ངན་པ་ལས་རབ་ཏུ་ཟློག་པར་བྱེད་པ། ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལེགས་པར་སྟོན་པར་བྱེད་པ། ལམ་ངན་པར་ཞུགས་པར་གྱུར་པ་ལམ་ལ་རབ་ཏུ་འགོད་པར་བྱེད་པ། གང་ཡང་འདི་ལས་ཚུལ་ཁྲིམས་འཆལ་བ་ཅུང་ཟད་ཡོད་པ་དེ་དང་བྲལ་བར་བྱེད་པ། ཕ་དང་མ་དག་གིས་ང་གཉེན་པར་བྱེད་དུ་འཇུག་པ། དུས་ཐམས་ཅད་པར་རབ་ཏུ་བརྩོན་པས་ངེས་པར་ལེགས་པ་ལ་ཀུན་ནས་སྦྱོར་བ་བྱེད་པ། བྱེད་དུ་འཇུག་པ་དང་རྣམ་པ་དེ་ལྟ་བུའི་གྲོགས་པོ་ནི། འཇིག་རྟེན་ལས་འདས་པའི་གྲོགས་པོ་ཡིན་ནོ། ། |
| Domain | ཆོས་ལུགས། |