11715

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲོང་ཁྱེར་གསུམ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། གྲོང་ཁྱེར་གསུམ་ནི། ཕྱོགས་བཅུའི་མུན་སེལ་ལས། ལུས་སྣང་བའི་གྲོང་ཁྱེར། ངག་ཕྱེད་སྣང་གི་གྲོང་ཁྱེར། ཡིད་མི་སྣང་བའི་གྲོང་ཁྱེར། ཞེས་གསུངས།
Domain ཆོས་ལུགས།
གྲོང་ཁྱེར་གསུམ་ (2)
Part of speech མིང་ཚིག
Definition ཕྱེད་སྣང་གི་གྲོང་ཁྱེར་དང་། ཀུན་སྣང་གི་གྲོང་ཁྱེར་དང་། མི་སྣང་བའི་གྲོང་ཁྱེར་བཅས་གསུམ་སྟེ། དེའང་རྒྱུད་ཐ་དད་ལ་སྦྱར་ན་ཁམས་གསུམ་ནི་ཕྱིའི་གྲོང་ཁྱེར། རྒྱུད་གཅིག་ལ་སྦྱར་ན་ལུས་ངག་ཡིད་གསུམ་ནི་ནང་གི་གྲོང་ཁྱེར། ཉོན་ཡིད་ཚོགས་དྲུག་ཀུན་གཞི་གསུམ་ནི་གསང་བའི་གྲོང་ཁྱེར་རོ། །མདོ་དགོངས་པ་འདུས་པར་གདམས་ངག་གསུམ་གྱི་སྐབས་སུ་གོལ་ས་གྲོང་ཁྱེར་གསུམ་དུ་གསུངས་པ་དེ་ལའང་གོང་ལྟར་ཕྱི་ནང་གསང་བའི་གྲོང་ཁྱེར་གསུམ་རེ་སོ་སོར་བགྲངས་པ་ཡིན། འདི་ལ་གྲོང་ཁྱེར་ཆེན་པོ་གསུམ་ཞེས་ཀྱང་བརྗོད།