11717

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲོང་ཁྱེར་གསུམ་བཤིག་པར་བྱ་བ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། བྱ་བ་བྱེད་པ་སྤྱོད་པའི་གདམས་ངག་གསུམ་གྱི་ཡ་གྱལ་ཞིག་སྟེ། འདིར་བཤིག་བྱའི་གོལ་ས་གྲོང་ཁྱེར་གསུམ་ལ་ཕྱི་ལྟར་རྒྱུད་ཐ་དད་པའི་གྲོང་ཁྱེར་གསུམ་དང་། ནང་དང་གསང་བ་ལྟར་རྒྱུད་གཅིག་པའི་གྲོང་ཁྱེར་གསུམ་ཚན་གཉིས་སུ་ཕྱེ་ནས་དེ་དག་བཤིག་དགོས་ཚུལ་སྟོན་པ་སྟེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། དེ་ལྟར་སྒོམ་པས་གོལ་ས་སྒྲིབ་པ་ནི་གྲོང་ཁྱེར་གསུམ་སྟེ། རྒྱུད་ཐ་དད་པས་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་དང༌། རྒྱུད་གཅིག་པས་ལུས་སྣང་བ་འདོད་ཁམས། ངག་ཕྱེད་སྣང་གཟུགས་ཁམས། ཡིད་མི་སྣང་བ་གཟུགས་མེད་ཀྱི་ཁམས་གསུམ་དང༌། ཤེས་པ་རྟོག་པའི་རྒྱུད་ཚོགས་དྲུག་རང་ཡུལ་རྣམས་འདོད་པས་འདོད་ཁམས། ཉོན་ཡིད་ངའམ་བདག་གི་བར་རློམས་སེམས་པས་གཟུགས་ཁམས། ཀུན་གཞི་བལྟར་དངོས་སུ་མེད་པས་གཟུགས་མེད་ཁམས་ཏེ་དེ་ལྟར་གྲོང་ཁྱེར་གསུམ་བཤིག་པར་བྱའོ། །ཞེས་གསུངས།
Domain ཆོས་ལུགས།