1173

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀྵ་ཡ་ནག་པོ་ (1)
Part of speech མིང་ཚིག
Definition ནད་ཀྱི་རྒྱུ་དང་མཚན་ཉིད་ལ་ལྟོས་ནས་བཏགས་པ་མཁྲིས་ནད་རིགས་བཅུ་གསུམ་གྱི་ནང་ཚན་མཁྲིས་པ་གསོ་བའི་དུས་ལས་འདས་ནས་སྟོབས་མདངས་ཀུན་ཟད་དེ་ཤ་ལྤགས་དང་སེན་མོ་ནག་པོར་འགྱུར་བའི་མཁྲིས་ནད་གདུག་པ་ཅན་ཞིག་གི་མིང་སྟེ། དཔལ་སྤུངས་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། མཁྲིས་པ་ཀྵ་ཡ་ནག་པོ་ནི། ཀྵ་ཡ་ཞེས་ལེགས་སྦྱར་གྱི་སྐད་དེ། བོད་ཀྱི་སྐད་དུ་བསྒྱུར་ན་ཟད་བྱེད་ཅེས་འགྱུར་བས་མཁྲིས་ནད་འདིས་ཟིན་པའི་དུས་སུ་སྣོད་མཁྲིས་ཡོངས་རྫོགས་རྩ་མིག་ནས་ཤ་པགས་རྩ་རུས་ཀྱི་གནས་སུ་བྱེར་ཏེ་ཟད་པར་བྱེད་པས་ན་ཟད་བྱེད་ཅེས་དང། ནག་པོ་ནི་ནད་ཀྱི་རང་མདོག་ལ་ལྟོས་ནས་བཏགས་པ་ཡིན་པས་མཁྲིས་ནད་འདིས་ཟིན་པའི་རྟགས་སུ་ཤ་པགས་སྔོ་ནག་ཏུ་འགྱུར་བ་དང། སེན་མོར་ནག་ཐིག་འབྱུང་བའི་ཕྱིར་མིང་དེ་ལྟར་བཏགས་ཞེས་གསུངས།
Foreign ཟུར་ཆག

{{#arraymap:ཀྵ་ཡ་ནག་པོ་

|; |@@@ | | }}