11749

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲོང་དུ་རྒྱུ་བའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཉ་པར་བཞུགས།
གྲོང་དུ་རྒྱུ་བའི་ལྟུང་བྱེད་ (2)
Part of speech མིང་ཚིག
Definition མདོ། འདུལ་བ། འདི་ལ་གཉིས་ཏེ། སྔ་དྲོ་གྲོང་དུ་རྒྱུ་བ་དང་། ཕྱི་དྲོ་གྲོང་རྒྱུ་བའོ། །དང་བོ་ནི། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་སྔ་དྲོ་གྲོང་རྒྱུ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་འཚོ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་གི་གླིང་གི་སྔ་དྲོའི་དུས་སུ་རང་གི་ཚིག་གིས་དགེ་འདུན་ཟས་ལ་སྤྱན་འདྲེན་པའི་ཟས་བྲིམ་པ་ཡོལ་བར་མ་བྱ་ཞིག་ཅེས་མ་བསྒོ་བར་ཁྱིམ་གསུམ་པའམ་བཞི་པ་ལ་སོགས་པར་རྒྱུ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གཉིས་པ་ནི། གླེང་གཞི་ནི་མཉན་ཡོད་དུ་ཉེ་དགས་ཕྱི་དྲོ་གྲོང་དུ་རྒྱུ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རང་གླིང་གི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བའི་བར་དེར་ཁྱིམ་བཞི་པའམ་ལྔ་པ་ལ་སོགས་པར་རྒྱུ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། གྲོང་གཞན་དུ་འགྲོ་བའི་ལྟུང་བྱེད་ནི། དུས་མ་ཡིན་པར་ཁྱིམ་བཞི་པ་ལ་སོགས་པར་འགྲོ་བ་ལའོ། །ཞེས་པ་ནས། གསུམ་པ་ལ་སོགས་པར་རྒྱུ་བའོ། །ཞེས་པས་བསྟན། ངོ་བོ་ནི། གུང་ཚིགས་ཡོལ་བའི་དུས་མ་ཡིན་པར་སྔ་དྲོ་ལ་སོགས་པའི་དུས་སུ་དགེ་སློང་ཁྱིམ་གཞན་དང་གཞན་དུ་རྒྱུ་བའི་དབང་གིས་སྦྱིན་བདག་གིས་དགེ་འདུན་གྱི་ཚོགས་ལ་གདུགས་ཚོད་སོགས་ཀྱིས་བསྙེན་བཀུར་དུས་ཐོག་ཏུ་བྱེད་པ་ལ་གནོད་པའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་གསུངས།
Domain ཆོས་ལུགས།