11751
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུལ་བ་གཞི་ལས་བྱུང་བ་སྟེ། ༡ དེ་གཉིས་ཀྱིས་བ་སྟོང་བཞོས་ནས་བ་སྟོང་པོ་དེ་ཉིད་ལ་བླུད་དོ། ། ༢ དེ་ནས་བ་སྟོང་པོ་བཞོས་ནས་བ་ལྔ་བརྒྱ་ལ་བླུད་དོ། ། ༣ དེ་ནས་བ་ལྔ་བརྒྱ་པོ་དེ་ཉིད་བཞོས་ནས་ལྔ་བརྒྱ་དེ་ཉིད་ལ་བླུད་དོ། ། ༤ དེ་ནས་བ་ལྔ་བརྒྱ་དེ་ཉིད་བཞོས་ནས་བ་ཉིས་བརྒྱ་ལྔ་བཅུ་དེ་ཉིད་ལ་བླུད་དོ། ། ༥ དེ་ནས་བ་ཉིས་བརྒྱ་ལྔ་བཅུ་པོ་དེ་ཉིད་བཞོས་ནས་ཉིས་བརྒྱ་ལྔ་བཅུ་པོ་དེ་ཉིད་ལ་བླུད་དོ། ། ༦ དེ་ནས་ཉིས་བརྒྱ་ལྔ་བཅུ་པོ་དེ་ཉིད་བཞོས་ནས་བརྒྱ་ཉི་ཤུ་རྩ་ལྔ་དེ་ཉིད་ལ་བླུད་དོ། ། ༧ དེ་ནས་བ་བརྒྱ་ཉི་ཤུ་རྩ་ལྔ་པོ་དེ་ཉིད་བཞོས་ནས་བརྒྱ་ཉི་ཤུ་རྩ་ལྔ་པོ་དེ་ཉིད་ལ་བླུད་དོ། ། ༨ དེ་ནས་བརྒྱ་ཉི་ཤུ་རྩ་ལྔ་པོ་དེ་ཉིད་བཞོས་ནས་བ་དྲུག་ཅུ་རྩ་གསུམ་ལ་བླུད་དོ། ། ༩ དེ་ནས་བ་དྲུག་ཅུ་རྩ་གསུམ་པོ་དེ་ཉིད་བཞོས་ནས་བ་སུམ་ཅུ་རྩ་གསུམ་ལ་བླུད་དོ། ། ༡༠ དེ་ནས་བ་དྲུག་ཅུ་རྩ་གསུམ་པོ་དེ་ཉིད་བཞོས་ནས་བ་སུམ་ཅུ་རྩ་གཉིས་ལ་བླུད་དོ། ། ༡༡ དེ་ནས་སུམ་ཅུ་རྩ་གཉིས་པོ་དེ་ཉིད་བཞོས་ནས་བ་སུམ་ཅུ་རྩ་གཉིས་དེ་ཉིད་བླུད་དོ། ། ༡༢ དེ་ནས་སུམ་ཅུ་རྩ་གཉིས་པོ་དེ་ཉིད་བཞོས་ནས་བ་བཅུ་དྲུག་ལ་བླུད་དོ། ། ༡༣ དེ་ནས་བཅུ་དྲུག་པོ་དེ་ཉིད་བཞོས་ནས་བཅུ་དྲུག་དེ་ཉིད་ལ་བླུད་དོ། ། ༡༤ དེ་ནས་བཅུ་དྲུག་པོ་དེ་ཉིད་བཞོས་ནས་བ་བརྒྱད་ལ་བླུད་དོ། ། ༡༥ དེ་ནས་བརྒྱད་པོ་དེ་ཉིད་བཞོས་ནས་བ་བརྒྱད་པོ་དེ་ཉིད་ལ་བླུད་དོ། ། ༡༦ དེ་ནས་བརྒྱད་པོ་དེ་དག་ཉིད་ལན་བཅུ་དྲུག་ཉིང་ཁུར་བྱས་པ་བཞོས་ཏེ། ཤེལ་ལས་བྱས་པའི་སྣོད་ཀྱི་ནང་དུ་བླུགས་ནས་བསྐོལ་ཏེ་འོ་ཐུག་སྦྲང་རྩི་ལྟར་མངར་བར་བྱེད་པ་ན། གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་བསམ་པ། འོ་མའི་ཐུག་པ་འདི་བྱང་ཆུབ་སེམས་དཔས་གསོལ་ན། དེང་ཉིད་དུ་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་གྱིས་དེ་ལྟ་བས་ན་འདི་ལ་མཐུ་ཞིག་བསྟབ་པར་བྱའོ་སྙམ་ནས། དེ་རྣམས་ཀྱི་མོད་ལ་མཐུ་སྐྱེད་པ་ཞེས་བྱ་བའི་སྨན་བླུགས་སོ། །འོ་མ་འཁོལ་བ་དེ་ལ་འཁོར་ལོ་དང༌། བཀྲ་ཤིས་དང༌། གཡུང་དྲུང་འཁྱིལ་བའི་མཚན་མ་དག་སྣང་ངོ༌། ། |