From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གྲོང་ཚིག་ (1)
| Part of speech
|
མིང་ཚིག
|
| Definition
|
སྙན་ངག་རྩོམ་པའི་སྐབས་ངོ་ཚ་བའི་ཚིག་རྗེན་པར་བྲི་བ་ལ་ཟེར། འདི་ལ། ཚིག་གི་མཚམས་སྦྱོར་གྱི་གྲོང་ཚིག་དང་། ངག་ཚིག་གི་དོན་ལ་ཞུགས་པའི་གྲོང་ཚིག་གཉིས་ཡོད། དང་པོ་ནི།
|
| Example
|
མཛེས་མའི་ལུས་ཀྱི་པདྨ་རབ་ཏུ་རྒྱས། །ཞེས་པས། བུད་མེད་ཀྱི་ལུས་པདྨའི་གཟུགས་སུ་བཀོད་ནས་མཛེས་པར་བརྗོད་པ་ཡིན་ཡང་། དོན་དེ་མི་རྟོགས་པར་པདྨ་ཞེས་པ་བུད་མེད་ཀྱི་རྟགས་ལ་གོ་ནས་དོན་ལོག་པར་འགྲེལ་སྲིད་པ་ནི། ངག་དོན་ལ་ཞུགས་པའི་གྲོང་ཚིག་ཡིན།
|
| Domain
|
རྩོམ་རིག
|
གྲོང་ཚིག་ (2)
| Part of speech
|
མིང་ཚིག
|
| Definition
|
ཕལ་སྐད་དངོས་ཏེ། ཡིག་སྐད་མ་ཡིན་པའི་སྤྱིར་བཏང་གི་ཡུལ་ལུང་སོ་སོའི་སྐད་ལ་ཟེར།
|
| Example
|
ཐུའུ་བཀྭན་གྲུབ་མཐའ་ལས། ཡང་ལ་ལས་རྒྱུད་ཀྱི་མིང་བཏགས་པའི་རྟོག་བཟོའི་ཡི་གེ་གྲོང་ཚིག་འབའ་ཞིག་གིས་གང་འདོད་དུ་བྲིས། ཞེས་པ་ལྟ་བུ།
|