11762

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲོང་འཇུག་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། གསང་སྔགས་བླ་མེད་ཀྱི་གཞུང་ནས་བཤད་སྲོལ། གསང་སྔགས་བླ་མེད་ཀྱི་ལམ་ལ་ཞུགས་ཏེ་གནས་ཚད་ངེས་ཅན་ཞིག་ཏུ་སླེབས་པ་ན། རང་ཉིད་ཀྱི་རླུང་སེམས་ལ་རང་དབང་ཐོབ་པ་ཞིག་འོང་སྐབས་དེར་རང་ཉིད་ཀྱི་ད་ཡོད་ལུས་རྟེན་དེས་གཞན་དོན་རྒྱ་ཆེན་པོ་སྒྲུབ་མི་ནུས་པའི་སྐབས་སུ་རང་ཉིད་མ་ཤི་གོང་དུ་རང་གི་ལུས་རྟེན་དང་ཁ་བྲལ། གཞོན་ནུ་ལོ་ཚོ་ལྡན་པ་ཤི་བའི་རོའམ་དེ་མ་རྙེད་ན་སེམས་ཅན་གཞན་གྱི་རོ་རྨ་མེད་པའི་གཙང་མ་ཞིག་བཙལ་ནས་དེ་ལ་རང་གི་རྣམ་ཤེས་རླུང་སྟོབས་ཀྱིས་འཕོས་ནས་སླར་ཡང་རང་ཉིད་སྔར་བཞིན་གསོན་པོར་གནས་ཐུབ་པ་བྱེད་པའི་ཐབས་ཤེས་ཞིག་སྟེ། དཔེར་ན་སྔར་བླ་མ་མར་པ་ལོ་ཙྭ་བའི་སྲས་དར་མ་མདོ་སྡེ་ཆིབས་རྟས་གཡུགས་ནས་སྐུ་གཟུགས་ལ་རྨས་སྐྱོན་ཆེན་པོ་བྱུང་སྟེ་འཚོ་ཐབས་མེད་པར་གྱུར་པའི་སྐབས་སུ་གཞོན་ནུ་ལོ་ཚོ་ལྡན་པ་ཤི་བའི་རོ་བཙལ་ཡང་ཕུག་རོན་ཤི་བའི་རོ་ཞིག་ལས་མ་རྙེད་པར་བརྟེན་དེ་ལ་རྣམ་ཤེས་འཕོས་ཏེ་རྒྱ་གར་གྱི་དུར་ཁྲོད་དུ་སོང་ནས་བུ་ལོ་བཅུ་དྲུག་ལོན་པ་ཞིག་ཤི་བའི་རོ་དུར་ཁྲོད་དུ་སྐྱེལ་བའི་སྟེང་དུ་བབས། དེ་ལ་རྣམ་ཤེས་འཕོས་ནས་མཁས་པ་ཆེན་པོར་གྱུར་པ་ལ་ཏི་ཕུ་གསང་སྔགས་སྡོང་པོ་ཞེས་མཚན་དུ་ཆགས་ཤིང་། དེ་ལ་བླ་མ་རས་ཆུང་པས་མཇལ་ནས་ཆོས་གསན་པའི་ལོ་རྒྱུས་ཡོད་པ་དང་། དེ་དང་མཚུངས་པར་སྟོང་འཁོར་རིན་པོ་ཆེ་བསོད་ནམས་རྒྱ་མཚོ་ཡང་ཕ་མ་གཉིས་མི་དགོས་པར་སྐུ་ཕྲེང་སྔ་མ་མདོ་རྒྱུད་རྒྱ་མཚོ་སྐུ་གཤེགས་རྗེས་བྱིས་པ་ལོ་བརྒྱད་ལོན་པ་ཞིག་ཤི་བའི་རོ་ལ་གྲོང་འཇུག་མཛད་པ་ཡིན་ཞེས་ཟེར་སྲོལ་ཡོད།
Domain ཆོས་ལུགས།