11775
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གྲོང་སྨད་པ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྲས་སུ་འཁྲུངས། འཁྲུངས་པའི་ལོ་ཚིགས་མི་གསལ། རབ་བྱུང་བཅུ་གཉིས་པའི་ཆུ་ལུག་ཕྱི་ལོ་ ༡༧༠༣ ལོའི་ལྷ་ལྡན་སྨོན་ལམ་སྐབས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་དང་། ལ་མོ་ཆོས་རྗེ། སྐྱིད་ཤོད་སྡེ་པ། གདན་སའི་མཁན་པོ། གཞུང་ཞབས་གང་ཡོད། པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་མགྲོན་གཉེར་དཀའ་ཆེན་རྡོ་རྗེ། སོག་པོའི་སྦྱིན་བདག་སོགས་བཀའ་གྲོས་མཛད་ནས། དགའ་ལྡན་ཕོ་བྲང་གི་སྡེ་སྲིད་དུ་བསྐོས། སྡེ་སྲི་སངས་རྒྱས་རྒྱ་མཚོ་སྡེ་སྲིད་ཟུར་རྗེས་མཚོ་སྔོན་དུ་ཕེབས་རྒྱུ་ཐག་བཅད། རབ་བྱུང་བཅུ་གཉིས་པའི་མེ་ཁྱི་ཕྱི་ལོ་ ༡༧༠༦ ལོར་ལྷ་བཟང་ཧན་གྱིས་སྡེ་སྲིད་ལས་ཕབ། མདོ་སྨད་ཀྱི་ཕྱོགས་སུ་རྒྱང་ཕུད་བཏང་། དཔག་བསམ་རིན་པོ་ཆེའི་སྙེ་མར་རབ་བྱུང་བཅུ་གཉིས་པའི་ས་ཁྱི་ཕྱི་ལོ་ ༡༧༡༨ ལོར་སྐུ་འབུམ་དགོན་ནས་རྒྱལ་དབང་བསྐལ་བཟང་རྒྱ་མཚོར་མཇལ་ཚུལ་འཁོད་འདུག འདས་ལོ་མི་གསལ། དགའ་ལྡན་ཕོ་བྲང་གི་སྡེ་སྲིད་དྲུག་པ་ཡིན། |