From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གྲོལ་བ་ (1)
| Part of speech
|
མིང་ཚིག
|
| Definition
|
ཚིགས་བཅད་སྙན་ངག་རྩོམ་སྟངས་ཀྱི་དབྱེ་བ་རིགས་བཞི་ཡོད་པའི་ནང་གསེས་དང་པོ་སྟེ། སྐབས་སུ་བབ་པའི་བརྗོད་བྱའི་དོན་ཉིད་ཤོ་ལོ་ཀ་གཅིག་གིས་རྫོགས་པར་སྟོན་པ།
|
| Example
|
དུང་དཀར་བློ་བཟང་འཕྲིན་ལས་ཀྱི་སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་ལས། རྩྭ་ལྗང་ལོ་འདབ་རྣམ་བཀྲ་དབྱར་གྱི་དུས། །དྲོ་འཇམ་ཉི་འོད་བྱུགས་པ་པདྨོའི་རྫིང་། ། འཁོར་ཞིང་སྐད་སྙན་སྒྲོགས་མཁས་སྒེག་འཆང་མ། །རབ་མྱོས་བུང་བའི་གླུ་འདི་ཡིད་དུ་འོང་། །ཞེས་པ་ལྟ་བུའོ། །
|
| Domain
|
རྩོམ་རིག
|
གྲོལ་བ་ (2)
| Part of speech
|
མིང་ཚིག
|
| Definition
|
སྡུག་བསྔལ་དང་འཆིང་བ་ལས་ཐར་བའི་དོན་ཏེ།
|
| Example
|
གྲོལ་བ་དོན་གཉེར་གྱི་ཆོས་པ་ལྟ་བུ།
|
| Domain
|
ཆོས་ལུགས།
|
གྲོལ་བ་ (3)
| Part of speech
|
མིང་ཚིག
|
| Definition
|
མུ་ཏིག་སྟེ། ཉ་ཕྱིས་ལས་གྲོལ་བས་ནའོ། །
|
| Type
|
མངོན་བརྗོད།
|