11813

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲོལ་ལུགས་ཆེན་པོ་ལྔ་ (1)
Part of speech མིང་ཚིག
Definition ཀ་དག་ཁྲེགས་ཆོད་ཀྱི་གདམས་པ་རིག་པ་ཆོས་སྐུར་གྲོལ་བའི་ཚུལ་ཆེན་པོ་ལྔ་ནི། ཡེ་གྲོལ། རང་གྲོལ། ཅེར་གྲོལ། མཐའ་གྲོལ། གཅིག་གྲོལ་བཅས་ཏེ། མུ་ཏིག་ཕྲེང་བ་ལས། འགག་པ་མེད་པའི་རིག་པ་ལ། །འཁྲུལ་རྒྱུ་མེད་པས་ལྡོག་པ་མེད། །ཡེ་གྲོལ་ཡིན་པས་གཏན་ནས་འཕགས། །རང་གྲོལ་ཡིན་པས་ཡུལ་རྐྱེན་ཟད། །ཅེར་གྲོལ་ཡིན་པས་སྣང་བ་དག ། མཐའ་གྲོལ་ཡིན་པས་མུ་བཞི་འགགས། །གཅིག་གྲོལ་ཡིན་པས་དུ་མ་སྟོངས། །ཞེས་སོ། །
Domain ཆོས་ལུགས།