11814
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་གཉིས་པའི་ཆུ་ལུག་ཕྱི་ལོ་ ༡༡༠༣ ལོར་འོལ་ཁ་ལ་ཡབ་ལྷ་རྗེ་སྨོན་ལམ་འབར་དང་། ཡུམ་རྣམ་ཤེས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་ཡི་གེའི་འབྲི་ཀློག་སྦྱངས། བཅུ་པར་ཡབ་ལས་གསང་སྔགས་དང་། གསོ་རིག་བཅས་བསླབས། བཅོ་ལྔ་པར་ཁྱིམ་ཐབ་ཅིག་ཁབ་ཏུ་བཞེས་ཀྱང་། དེ་འདས་པས་སྐྱོ་བ་སྐྱེས། དགེ་བཤེས་བྲག་རྩ་བ་ལས་སྡོམ་པ་མནོས། ཞང་སྟོན་ཤེས་རབ་འབར་ལས་འདུལ་བའི་ཆོས་སྐོར་སྦྱངས། རྗེ་སྒམ་པོ་པ་ལས་རྒྱུད་ཀྱི་དབང་ལུང་མན་ངག་དང་བཅས་པ་ཞུས། ལོ་རོ་རས་ཆུང་པ་ལས་སྙན་བརྒྱུད་རྣམས་གསན། འཇམ་དཔལ་གྱིས་ཞལ་གཟིགས་ནས་དབུ་རུ་ཕྱོགས་སུ་ལུང་བསྟན། ཕྱཱ་ཡུལ་དུ་ལོ་གཉིས་བཞུགས། དེའི་ཚེ་རྟ་མགྲིན་གྱིས་ཞལ་གཟིགས་ནས་ལས་ཅན་གྱི་སློབ་མ་འབྱུང་བར་ལུང་བསྟན་པ་བཞིན་འགྲོ་མགོན་ཞང་བྱོན། རྒྭ་ལོའི་བར་དོའི་གདམས་པ་ཞུས། རབ་བྱུང་གསུམ་པའི་ས་ལུག་ཕྱི་ལོ་ ༡༡༩༩ ལོར་སྐུ་གཤེགས། དྭགས་པོ་ལྷ་རྗེའི་སློབ་མ་གྲུབ་ཆེན་བཞིའི་ཡ་གྱལ་ཡིན། |