11903

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གླགས་ (1)
Part of speech མིང་ཚིག
Definition ལྷགས་པའི་དོན་ཏེ། མཛོད་རྩ་བ་ལས། འགོག་དང་ལམ་མཐོང་སྤང་བྱ་ཀུན། །རང་གིས་གླགས་པའི་སྤྱོད་ཡུལ་ལོ། །
གླགས་ (2)
Part of speech མིང་ཚིག
Definition བསྣན་པ། མཛོད་རང་འགྲེལ་ལས། དགེ་བའི་སེམས་ཐམས་ཅད་ལ་ནི་འགྱོད་པ་མེད་པས་གང་ལ་ཡོད་པ་དེར་དེ་ཉིད་ཀྱིས་གླགས་ན་སེམས་ལས་བྱུང་བ་ཉི་ཤུ་རྩ་གསུམ་འབྱུང་ངོ་། །ཞེས་གསུངས་པས་སོ། །
གླགས་ (3)
Part of speech མིང་ཚིག
Definition བསླད་པ། སྦགས་པ། སྐྱོན་གྱིས་སྦགས་པ་བཅས་ཀྱི་དོན་ཏེ། མདོ་མཛངས་བླུན་ལས། ངན་པར་ལྟ་བས་གླགས་པས་དེ་ལ་མོས་པའི་སེམས་མེད་དོ། །ཞེས་དང་། ཁྱིམ་གྱིས་གླགས་ཤིང་། བཅིངས་པ་ནི་བཙོན་ར་བས་ཀྱང་དམ་མོ། །ཞེས་པ་ལྟ་བུའོ། །
གླགས་ (4)
Part of speech མིང་ཚིག
Definition དྲལ་བའམ་ཕིག་པའི་དོན་ཏེ། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། གླགས་པ་ནི་གླགས་སམ་དྲལ་བའམ་ཕུག་པར་གྱུར་པའོ། །ཞེས་གསུངས་སོ། །
གླགས་ (5)
Part of speech མིང་ཚིག
Definition འཇུག་པའམ་འགྲོ་འཚམས་དོན་དུ་དག་ཡིག་ལི་ཤིའི་གུར་ཁང་དུ་བཤད།
གླགས་ (6)
Part of speech མིང་ཚིག
Definition ཁེབས་པའི་དོན་ཏེ། ལྕང་སྐྱ་རོལ་པའི་རྡོ་རྗེས། ཕ་རོལ་མ་མཐོང་གཏིང་རྟོགས་མ་གྱུར་ཅིང་། །གླགས་པའི་མུན་གནག་སློབ་དཔོན་ཚོགས་རྣམས་ཀྱི། །ཞེས་གསུངས་པའི་གླགས་པ་ནི། ཁེབས་པ་དང་། བསླད་པ་དང་སྦགས་པའི་དོན་གང་ལ་སྦྱར་ནའང་རུང་བར་སེམས།