11915

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གླང་གི་ཉི་མ་ (1)
Part of speech མིང་ཚིག
Definition ཉི་མ་བཅུ་གཉིས་ཀྱི་ནང་གསེས་ཤིག་སྟེ། ཉིན་དེ་ནི་ཕོ་ཟླ་དྲུག་པོའི་ཚེས་བཅུ་གཉིས་དང་། ཉེར་བཞི། མོ་ཟླ་དྲུག་པོའི་ཚེས་དྲུག་དང་། བཅོ་བརྒྱད། སུམ་ཅུ་བཅས་ཡིན། ཚེས་ཞེས་མིང་འདོགས་པའི་ཉི་མ་དེ་དག་ལ་ལས་ཀར་སྤང་བླང་བྱ་ཚུལ་ནི་ཉིན་སྣང་ལས། གླང་ལ་ཕྱུགས་ཉོ་མཁར་རྩིག་པ། །འཚེམ་བཟོ་མགར་ཐབ་ཞལ་ཆེ་བཟང་། །ཚོང་དང་རིག་པ་སློབ་པ་དང་། །བག་མ་ནས་བང་ཁ་འབྱེད་ངན། །ཞེས་གསུངས་པ་ལྟར་དང་། བདུན་ཟུར་ཕྱོགས་བསྡེབས་ཀྱི་འབྲས་བུར་ཁྲི་བརྩིགས་དར་འཕྱར་ཡང་སྤང་དགོས་པར་གསུངས་འདུག
Domain རྩིས་རིག