11924
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་ཐབས་འཛུད་བསྲེ་བའི་སྤྱོད་པའི་ཁོངས་གཏོགས་བརྟུལ་ཞུགས་ཀྱི་སྤྱོད་པ་ཉེར་གསུམ་གྱི་ནང་གསེས་ཤིག་སྟེ། གདུལ་བྱའི་དོན་དུ་རྣམ་པ་ཕྱི་རོལ་པའི་གླང་ཆེན་ཆུར་འཇུག་བརྟུལ་ཞུགས་དང་རྗེས་མཐུན་དུ་སྤྱད་ནས་དོན་ལ་གསང་བ་མཆོག་གི་ལམ་ལ་དྲང་བའི་ཐབས་མཁས་ཀྱི་སྤྱོད་ཚུལ་ཞིག སྒྱུ་འཕྲུལ་རྔམ་གློག་ལས། གླང་ཆེན་ཆུར་འཇུག་བརྟུལ་ཞུགས་ཀྱིས། །ངེས་པའི་ང་རྒྱལ་སྤྱད་པར་བྱ། །ཞེས་དང་། གཟི་ལྡན་འཆར་ཁའི་འོད་སྣང་ལས། ངེས་པའི་དོན་ལ་ང་རྒྱལ་གྱིས་གདེང་སྐྱེད་པ་དཔེར་ན་སྟོབས་ལྡན་གླང་ཆེན་རྦ་ཀློང་ལ་མི་ལྟ་བར་ཆུ་རྒལ་བ་བཞིན་དུ་ཡིན་པའི་དོན་ལ་ངེས་པར་བསྟུན་ཏེ་སྲན་ཚུགས་པས་ཅི་ལའང་མི་ལྟ་བའི་བརྟུལ་ཞུགས་ཏེ། ཞེས་གསུངས། |
| Domain | ཆོས་ལུགས། |