11928
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་ཐབས་འཛུད་བསྲེ་བའི་སྤྱོད་པའི་ཁོངས་གཏོགས་བརྟུལ་ཞུགས་ཀྱི་སྤྱོད་པ་ཉེར་གསུམ་གྱི་ནང་གསེས་ཤིག་སྟེ། གདུལ་བྱའི་དོན་དུ་རྣམ་པ་ཕྱི་རོལ་པའི་གླང་ཆེན་མྱོས་པའི་བརྟུལ་ཞུགས་དང་རྗེས་མཐུན་དུ་སྤྱད་ནས་དོན་ལ་གསང་བ་མཆོག་གི་ལམ་ལ་དྲང་བའི་ཐབས་མཁས་ཀྱི་སྤྱོད་ཚུལ་ཞིག སྒྱུ་འཕྲུལ་རྔམ་གློག་ལས། གླང་ཆེན་མྱོས་པའི་བརྟུལ་ཞུགས་ཀྱིས། །མི་འབྱེད་རྨོངས་ཚུལ་བསྟན་པར་བྱ། །ཞེས་དང་། གཟི་ལྡན་འཆར་ཁའི་འོད་སྣང་ལས། ཤིན་ཏུ་སྟོབས་དྲག་པའི་གླང་ཆེན་རྒུན་ཆང་གིས་མྱོས་པས་ཕ་རོལ་གྱི་དཔུང་འཇོམས་པ་ལྟར། དགྲ་བཞིའམ་གདུག་པ་དང་གདུལ་བྱ་རིལ་འདུལ་ཞིང་ཚར་གཅོད་པས་བླང་དོར་མེད་པའི་བརྟུལ་ཞུགས་ཏེ། ཞེས་གསུངས། |
| Domain | ཆོས་ལུགས། |