11939

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གླང་ཐང་པ་རྡོ་རྗེ་སེང་གེ་ (1)
Part of speech མིང་ཚིག
Definition རབ་བྱུང་དང་པོའི་ཤིང་རྟ་ཕྱི་ལོ་ ༡༠༥༤ ལོར་དབུར་སྟོད་དུ་་ཡབ་ཇོ་བོ་དར་མ་མདོ་བཟང་གི་སྲས་སུ་འཁྲུངས། གྲོག་མོ་མཁར་ལས་རབ་ཏུ་བྱུང་། མཚན་ལ་རྡོ་རྗེ་སེང་གེ་ཞེས་གསོལ། དགེ་བཤེས་པོ་ཏོ་བ་ལས་སྡེ་སྣོད་གསུམ་གྱི་ཆོས་ཡོངས་སུ་རྫོགས་པ་གསན། བཀའ་གདམས་བློ་སྦྱོང་གི་མན་ངག་དམིགས་པའི་ས་བཅད་བརྒྱད་དུ་མཛད་པ་ལ་བློ་སྦྱོང་ཚིགས་བརྒྱད་མར་གྲགས་པ་དེ་ཚོགས་ཆོས་སུ་མཛད། སློབ་མ་ཉིས་སྟོང་ཙམ་འདུས། རབ་བྱུང་གཉིས་པའི་ཆུ་བྱ་ཕྱི་ལོ་ ༡༠༩༣ ལོར་གླང་ཐང་དགོན་པ་བཏབ། རབ་བྱུང་གཉིས་པའི་ཆུ་ཡོས་ཕྱི་ལོ་ ༡༡༢༣ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་ཡར་ཀླུངས་ལྕགས་ཞིང་པ། པ་ཡགས་ཀྱི་འདུལ་འཛིན། ལུང་མོ་བ་མདོ་སྡེ། ཞང་བཙུན་གཉིས་འགར་ཞང་ཞུང་པ། མ་ཐང་པ་བཅས་ཡིན།