11973

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གླང་བཙུན་བྱམས་པ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་པའི་མཇུག་དུ་གཙང་ཕྱོགས་སུ་འཁྲུངས། དབུས་གཙང་མཁས་པ་མི་བཅུའི་ནང་ཚན་ལོ་སྟོན་རྡོ་རྗེ་དབང་ཕྱུག་ལས་རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས། འདུལ་གཞུང་སོགས་མང་དུ་གསན། འོམ་ཕུགས་ཀྱི་གཙུག་ལག་ཁང་བཞེངས། དགེ་འདུན་མང་པོའི་ཚོགས་པ་བསྐྱངས། འདུལ་བའི་བསྟན་པ་དར་བར་མཛད། གཙང་འགྲམ་བཟུང་སྟེ་བུ་ཐང་དང་། ཆུག་པ། ཀྲི་གོང་། མགོས་སྟོན། ཁྲོལ་མ་སོགས་གླང་ཚོ་སྟོད་སྨད་དུ་གྱེས། ཆོས་རྒྱུད་མང་དུ་མཆེད། ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་གྲགས་ཆེ་བའི་འདུལ་འཛིན་གྱི་སློབ་མ་ཞིག་ཡིན།