11997

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གླང་ལུང་པ་བརྩོན་འགྲུས་གཞོན་ནུ་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་ཆུ་ཡོས་ཕྱི་ལོ་ ༡༡༢༣ ལོར་སྟོད་ལུང་མཚུར་གྱི་སྒང་རར་ཡབ་སྣུབས་རྡོ་རྗེ་བཙན་གྲགས་དང་། ཡུམ་ཧོར་བཟའ་མོ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་ལས་འབྲས་ལ་ཡིད་ཆེས་པ་དང་། འཁོར་བ་ལ་ངེས་འབྱུང་སྐྱེས། སེམས་ཅན་ལ་སྙིང་རྗེ་ཆེན་པོ་རྣམས་འཁྲུངས། བཅོ་བརྒྱད་པར་སློབ་དཔོན་ཉག་མོ་བ་ལས་གོ་མིའི་སྡོམ་པ་བླངས། པ་ཚབ་ལོ་ཙཱ་བ་དང་། ཆོས་ཀྱི་པདྨ་གཉིས་ལས་རབ་བྱུང་། དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ལ་བརྩོན་འགྲུས་གཞོན་ནུ་ཞེས་གསོལ། སློབ་དཔོན་ཉག་མོ་བ་ལོ་ངོ་བདུན་རིང་བསྟེན། འདུལ་བ་དང་། ལམ་འབྲས་བཅས་གསན། རྩ་ལྔ་པར་བྱ་འདུལ་གྱིས་མཁན་པོ་དང་། ཕྱཱ་པས་སློབ་དཔོན། སྟོན་པ་ཆོས་མཆོག་གིས་གསང་སྟོན་མཛད་ནས་བསྙེན་པར་རྫོགས། དགེ་བཤེས་བཀྲ་ཤིས་སྒང་པར་ལོ་ངོ་བརྒྱད་རིང་བསྟེན། རྩ་ལྟུང་རྒྱ་ཆེར་འགྲེལ་བ་དང་། དབུ་མ་ལ་སོགས་པའི་ཆོས་སྐོར་རྣམས་གསན། གཙང་པ་རིན་ཆེན་ནམ་མཁའ་རྡོ་རྗེ་ལ་ལོ་ངོ་ལྔ་ཙམ་བསྟེན། ཇོ་བོ་རྗེའི་ཐབས་ལམ་དང་། བདེན་གཉིས་བཅས་ལ་གསན། རབ་བྱུང་གསུམ་པའི་ཆུ་རྟ་ཕྱི་ལོ་ ༡༡༦༥ ལོར་བྱ་ཡུལ་དགོན་གྱི་གདན་སར་ཕེབས། གདན་ས་ལོ་ངོ་སོ་རྩ་གཉིས་ཀྱི་རིང་བསྐྱངས། དོན་གཅིག་པ་རབ་བྱུང་གསུམ་པའི་ཆུ་གླང་ཕྱི་ལོ་ ༡༡༩༣ ལོར་སྐུ་གཤེགས། བྱ་ཡུལ་དགོན་གྱི་གདན་རབས་གསུམ་པ་ཡིན།