12007
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དགོན་འདི་བོད་དབུས་སྟོད་པ་སྤུ་ཧྲེང་། སྦར་སྒང་ཁུལ། མ་ཕམ་གཡུ་མཚོའི་བྱང་ངོས་སུ་ཆགས་ཡོད། སྔོན་འབྲུག་བདེ་ཆེན་ཆོས་འཁོར་དགོན་གྱི་ཡོངས་འཛིན་རིན་པོ་ཆེའི་དངོས་སློབ། སྒྲུབ་པ་མཐའ་རུ་ཕྱིན་པའི་སྙེན་མོ་བ། ཞེས་བླ་མ་སྙེན་མོ་བ་བསམ་གཏན་ཕུན་ཚོགས་ཀྱིས་ཕྱི་ལོ་ ༡༥༨༥ ལ་ཕྱག་བཏབ། སྔོན་སྒོམ་ཆེན་བསམ་གཏན་ཕུན་ཚོགས། བདེ་ཆོས་ཡོངས་འཛིན་རིན་པོ་ཆེའི་མདུན་ནས་དབང་ཁྲིད་ནོད་ནས། མ་ཕམ་གཡུ་མཚོའི་བྱང་ངོས་སུ་ཕུག་པ་ཞིག་ཏུ་ལོ་གསུམ་སྒྲུབ་པར་བཞུགས་སྐབས། དེར་ཉིན་ལྟར་ཞོགས་པ་ཆུ་གཏོར་འབུལ་ཚར་རྗེས་སུ། གཏོར་ཐེབ་ནང་དུ། ཉ་དཀར་པོ་ཞིག་གི་རྡེའུ་དཀར་པོ། བྱིའུ་ཅོ་གའི་སྒོ་ང་ཙམ་ཞིག་བཞག་གི་ཡོད་པས། ཆུ་ནང་གཡུག་ན་ཡང་བསྐྱར་དུ་བཞག་ཡོང་གི་ཡོད་པ། དེའི་ལོ་རྒྱུས་ཡོངས་འཛིན་རིན་པོ་ཆེར་ཞུར་ཕུལ་བས། འདི་ཀླུའི་ཕུལ་བའི་ནོར་བུ་ཞིག་ཡིན། ཁྱོད་སྒྲུབ་པར་འདུག་སའི་རི་འདི་གླང་པོ་ཆེའི་གཟུགས་སུ་འདུག་པས། གླང་པོ་ཆེའི་སྣའི་སྟེང་དུ་ལྷ་ཁང་ཞིག་བརྒྱབ་ཏེ། ནང་དུ་རྟེན་གཙོ་སྟོན་པའི་སྐུ་འདྲ་ཞིག་བཞེངས་ལ། འདི་ཞབས་པད་གཡས་པའི་གཟུངས་སུ་ཕུལ་ཞིག་གསུངས། དེ་བཞིན་གནང་བས། མིང་ཡང་གླང་སྣ་དགོན་ཞེས་ཐོགས། དེ་རྗེས་རང་རིག་རས་པ། བླ་མ་ཀུན་དགའ་བློ་གྲོས། ཧོར་རིགས་བྷ་ར་སྤྲུལ་སྐུ། དེའི་རྗེས་སུ་ལ་དྭགས་དགོན་ནས་བླ་ཚབ་ལ་དྭགས་བླ་མ་དང་། དེའི་རྗེས་སུ་བྷ་ར་སྤྲུལ་སྐུའི་ཡང་སྲིད་ཨོ་རྒྱན་བསྟན་འཛིན་འཕྲིན་ལས་བདེ་ཆོས་ནས་ངོས་འཛིན་གནང་ཡང་། བླ་ཚབ་རྒྱུ་རྔམས་ཆེ་བར་བརྟེན་སྤྲུལ་སྐུ་ཡང་སྲིད་མ་ཞུས་པར་ལོ་བཅུ་གསུམ་ཙམ་ལུས། བླ་ཚབ་དགོངས་པ་རྫོགས་རྗེས། དགོན་དེ་གའི་གྲྭ་རྒན་བསོད་ནམས་བཟང་པོ་སོགས། བླ་རྒན་རྣམ་པས་ཡང་སྲིད་ཨུ་རྒྱན་བསྟན་འཛིན་འཕྲིན་ལས་མཆོག། གདན་སར་མངའ་གསོལ་ཞུས་ཀྱང་རྒྱ་དམར་གྱི་ཉམས་ཉེས་སྐབས་སུ། དགོན་སྡེ་གཏོར་བརླག་ཏུ་སོང་བ་ནི་སེར་སྐྱ་ཀུན་གྱི་ཕམ་ཁ་ཆེ་ཤོས་ཤིག་གོ །དེང་སྐབས་ལ་དྭགས་ནས་ཕེབས་པའི་ཕྱག་མཛོད་ཆེན་པོ་གཡུ་གྲྭ་བློ་གྲོས་ལགས་ཀྱིས་སྣེ་ཁྲིད་འོག་འཐོར་བརླག་ཏུ་སོང་བའི་དགོན་འདི་ཉིད་ཀྱང་སླར་གསོ་ཞུས། ཁོང་དགོངས་པ་རྫོགས་ནས། གྲྭ་རྒན་བཀྲ་ཤིས་ཕུན་ཚོགས་ལགས། དེང་སྐབས་འབྲུག་པ་བཀའ་བརྒྱུད་པའི་ལུགས་ལྟར་གདན་ས་འཛིན་བཞིན་ཡོད་པ་མ་ཟད། སྤྲུལ་སྐུ་ཨོ་རྒྱན་བསྟན་འཛིན་འཕྲིན་ལས་མཆོག་ཀྱང་ད་ལྟ་འཚོ་བཞེས་སུ་བཞུགས་ཡོད་འདུག |
{{#arraymap:གླང་སྣ་དགོན་
|; |@@@ | | }}