12017

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གླན་ཚུལ་ཁྲིམས་བྱང་ཆུབ་ (1)
Part of speech མིང་ཚིག
Definition རབ་བྱུང་མ་ཚུགས་གོང་གི་ཤིང་འབྲུག་ཕྱི་ལོ་ ༡༠༠༤ ལོར་འཁྲུངས། ང་བདུན་པ་ལྕགས་བྱི་ཕྱི་ལོ་ ༡༠༦༠ ལོར་རྒྱལ་ལྷ་ཁང་གི་གདན་སར་ཕེབས། གདན་ས་ལོ་ཞེ་གཉིས་རིང་བསྐྱངས། སློབ་མ་མང་པོ་གསོ་སྐྱོང་མཛད། གོ་དགུ་པ་རབ་བྱུང་གཉིས་པའི་ཆུ་རྟ་ཕྱི་ལོ་ ༡༡༠༢ ལོར་སྐུ་གཤེགས། རྒྱལ་ལྷ་ཁང་གི་གདན་རབས་གཉིས་པ་ཡིན།
གླན་ཚུལ་ཁྲིམས་བྱང་ཆུབ་ (2)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་ས་སྤྲེལ་ཕྱི་ལོ་ ༡༡༢༨ ལོར་རྒྱ་རི་མོ་ཅན་དུ་འཁྲུངས། རེ་གཉིས་པ་རབ་བྱུང་གསུམ་པའི་ས་བྱ་ཕྱི་ལོ་ ༡༡༨༩ ལོར་རྒྱལ་ལྷ་ཁང་གི་གདན་སར་ཕེབས། གདན་ས་ལོ་གསུམ་རིང་བསྐྱངས། རེ་བཞི་པ་རབ་བྱུང་གསུམ་པའི་ལྕགས་ཕག་ཕྱི་ལོ་ ༡༡༩༡ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་རྒྱལ་བ་གཡུང་དྲུང་དབང་ཕྱུག་ཡིན། རྒྱལ་ལྷ་ཁང་གི་གདན་རབས་བཅུ་པ་ཡིན།