12035

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གླིང་ (1)
Part of speech མིང་ཚིག
Definition འགྲོ་བ་ཐུན་མོང་གིས་ལོངས་སྤྱོད་པའམ་དབང་བསྒྱུར་བའི་ཡུལ་གྱི་དོན་ཡིན་ལ། འདི་མངོན་པ་ནས་བཤད་པའི་གླིང་བཞི་ལ་གོ ། འཛམ་བུ་གླིང་གི་ངོས་གསུམ་ལ་དཔག་ཚད་སྟོང་ཕྲག་གཉིས་ཡོད་པ། ངོས་གཅིག་སྟེ་ལྕགས་རིའི་ངོས་ལ་དཔག་ཚད་ཕྱེད་དང་བཞི་དང་ཤིང་རྟའི་དབྱིབས་ཅན། སའི་དངོས་གཞི་ལས་འདིའི་མཐའ་སྐོར་དུ་དཔག་ཚད་སྟོང་ཕྲག་ལྔ་བརྒྱར་བཤད་ལ། གསེར་འོད་ལས་བདུན་སྟོང་དུ་གསུངས་སོ། །ལུས་འཕགས་གླིང་གི་ངོས་གསུམ་འདི་དང་ཚད་འདྲ་ཞིང་། ངོས་གཅིག་སྟེ་འཁོར་ཡུག་གི་ངོས་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུ་ཡོད་པ་ཟླ་གམ་གྱི་དབྱིབས་ཅན། བ་ལང་སྤྱོད་གླིང་ནི་དབྱིབས་ཟླུམ་པོ་མཐའ་སྐོར་དུ་དཔག་ཚད་སྟོང་ཕྲག་ཕྱེད་དང་བརྒྱད། ཐར་དཀར་སྟོང་ཕྲག་ཕྱེད་དང་གསུམ་ཡོད་པ། སྒྲ་མི་སྙན་གྱི་གླིང་ནི་དབྱིབས་གྲུ་བཞི་པ། ཕྱོགས་རེ་ལ་དཔག་ཚད་ཉིས་སྟོང་ཡོད་པར་མཉམ་པ། མཐའ་སྐོར་དུ་དཔག་ཚད་སྟོང་ཕྲག་བརྒྱད་ཡོད་པ་སོགས་ཡིན་པའི་ཕྱིར། གླིང་བཞིའི་མི་རྣམས་ཀྱི་གདོང་པ་ཡང་གླིང་དེ་དང་དེའི་དབྱིབས་སུ་ཡོད་པར་བཤད། ཡུལ་གང་དུ་ཅི་ཞིག་ཡོད་པའམ་གནས་པའི་དོན་ཏེ།
Example མཚོ་གནས་སའི་ཡུལ་ལ་མཚོ་གླིང་དང་། གསེར་གནས་སའི་ཡུལ་ལ་གསེར་གླིང་། རིན་པོ་ཆེ་གནས་སའི་ཡུལ་ལ་རིན་ཆེན་གླིང་ལྟ་བུ།
གླིང་ (2)
Part of speech མིང་ཚིག
Definition མཐའ་འཁོར་ཆུ་དང་མཚོ་ཡི་སྐོར་བའི་བར་སྟོང་ངམ་ས་སྟོང་གི་དོན།
གླིང་ (3)
Part of speech མིང་ཚིག
Definition ཧྲིལ་བོ་མིན་པར་དུམ་བུའམ་ཆ་ཤས་ཀྱི་དོན་ཏེ།
Example ཁྱིམ་ཚང་རེ་ལ་ཟོག་ཤ་བཞི་གླིང་གཅིག་རེ་ཐེམས་ལྟ་བུ།
གླིང་ (4)
Part of speech མིང་ཚིག
Definition དེ་ཁོ་ན་གནས་པའི་ཡུལ་ལམ་དེ་ལ་དབང་བའི་དོན་ཏེ།
Example མི་གཡོ་བསམ་གཏན་གླིང་། ཐེག་ཆེན་བྱམས་པ་གླིང་། དགའ་ལྡན་ལེགས་བཤད་གླིང་ཞེས་པ་ལྟ་བུ།
གླིང་ (5)
Part of speech མིང་ཚིག
Definition གྲངས་བདུན་གྱི་མིང་སྟེ། རི་རབ་ཀྱི་ཁོར་ཡུག་ཏུ། ཟླ་བ་དང་། འོད་དཀར། ཀུ་ཤ། མིའམ་ཅི། ཁྲུང་ཁྲུང། དྲག་པོའི་གླིང་། འཛམ་གླིང་ཆེན་པོ་བཅས་བདུན་ཡོད་པས་མིང་དེ་ལྟར་ཐོགས་པར་བཤད།
Type མངོན་བརྗོད།