12062

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གླིང་དོན་གྲུབ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ཆུ་རྟ་ཕྱི་ལོ་ ༡༧༠༢ ལོར་མདོ་སྨད་འབྲོག་སྡེར་གླིང་མོད་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། ཚོགས་ཆོས་ལ་ཚུལ་བཞིན་འགྲིམས། སློབ་གཉེར་ལ་ཧུར་ཐག་བྱས། ཞི་དུལ་གྱི་ཀུན་སྤྱོད་ཞིག་ཏུ་གྱུར། གཞུང་བཀའ་པོད་ལྔར་ཐོས་བསམ་མཛད། ཚོགས་ཆེན་དགེ་བསྐོས་དང་། བླ་མ་དབུ་མཛད་ཀྱི་གོ་ས་རིམ་པར་བརྒྱུད། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་ལ་དོ་དམ་གནང་། རབ་བྱུང་བཅུ་གསུམ་པའི་མེ་བྱི་ཕྱི་ལོ་ ༡༧༥༦ ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་སའི་ཁྲིར་ཕེབས། གདན་ས་ལོ་གསུམ་རིང་བསྐྱངས། ཁྲི་ཟུར་ནས་ཨུརྒེར་གྲྭ་ཚང་གསང་སྔགས་སྨིན་རྒྱས་གླིང་གི་ཁྲིར་ཕེབས། རེ་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ས་གླང་ཕྱི་ལོ་ ༡༧༦༩ ལོར་སྐུ་གཤེགས། བླ་བྲང་དགོན་པའི་གདན་རབས་བཅུ་པ་ཡིན།

{{#arraymap:གླིང་དོན་གྲུབ་རྒྱ་མཚོ་

|; |@@@ | | }}