12067
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་ཚིགས་ཀྱི་ས་གོ་ལ་འཁོར་གཞིར་གྱུར་པའི་ཡུལ་བཅུ་གཉིས་སྟེ། ཤར་གླིང་ཤར་མ་དང་དབུས་མ་དང་ནུབ་མ་བཅས་གསུམ་དང་། དེ་བཞིན་ལྷོ་གླིང་ཤར་དབུས་ནུབ་གསུམ་དང་། ནུབ་གླིང་ཤར་དབུས་ནུབ་གསུམ། བྱང་གླིང་ཤར་དབུས་ནུབ་གསུམ་བཅས་བཅུ་གཉིས་སོ། །གོ་རིམ་ཡང་ཉི་མ་འཆར་ནུབ་ཀྱིས་དང་པོར་ཤར་མ་དང་། དེ་རྗེས་དབུས་མ་དང་ནུབ་མ་བཅས་རིམ་པར་བཞག རིགས་ལྡན་སྙིང་ཐིག་ལས། ཕྱོགས་རེར་གསུམ་གསུམ་བཅུ་གཉིས་བཅད། །ཤར་གླིང་ཤར་མ་དབུས་མ་དང་། །ནུབ་མ་ཞེས་སོགས་ཀུན་ལ་འགྲེ། །ཞེས་བྱུང་། |
Domain | རྩིས་རིག |
{{#arraymap:གླིང་བཅུ་གཉིས་
|; |@@@ | | }}