12076

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གླིང་བཞིའི་རི་དགུ་ (1)
Part of speech མིང་ཚིག
Definition མཛོད་གནས་གསུམ་པ་ལས་བྱུང་བ་སྟེ། གླིང་བཞི་འཇིག་རྟེན་རེའི་དབུས་སུ་རི་དགུའི་དང་པོ་རི་རྒྱལ་ལྷུན་པོ། དཔངས་སུ་དཔག་ཚད་ཁྲི་ཕྲག་བཅུ་དྲུག་ཆུ་མཚམས་ཡན་ལ་རྒྱ་དཔངས་མཉམ་པ་དཔག་ཚད་བརྒྱད་ཁྲི། རོལ་མཚོ་དང་པོའི་ཁ་ཞེང་ཡང་དཔག་ཚད་བརྒྱད་ཁྲིའོ། ། རི་གཉིས་པ་གཉའ་ཤིང་འཛིན་གྱི་རི་ཆུ་མཚམས་ཡན་ལ་དཔག་ཚད་བཞི་ཁྲི། རོལ་མཚོ་གཉིས་པའི་ཁ་ཞེང་དང་འདྲའོ། །རི་གསུམ་པ་གཤོལ་མདའ་འཛིན་དང་རོལ་མཚོ་གསུམ་པ་ལ་དཔག་ཚད་ཉི་ཁྲི། རི་བཞི་པ་སེང་ལྡིང་ཅན་དང་རོལ་མཚོ་བཞི་པ་ལ་དཔག་ཚད་ཆིག་ཁྲི། རི་ལྔ་པ་ལ་ལྟ་ན་སྡུག་རི་དང་རོལ་མཚོ་ལྔ་པ་ལ་དཔག་ཚད་ལྔ་སྟོང་། རི་དྲུག་པ་རྟ་རྣ་དང་རོལ་མཚོ་དྲུག་པ་དཔག་ཚད་ཉིས་སྟོང་ལྔ་བརྒྱ། རི་བདུན་པ་རྣམ་འདུད་དང་རོལ་མཚོ་བདུན་པ་ལ་དཔག་ཚད་སྟོང་དང་ཉིས་བརྒྱ་ལྔ་བཅུ། རི་བརྒྱད་པ་མུ་ཁྱུད་འཛིན་རི་ལ་དཔག་ཚད་དྲུག་བརྒྱ་དང་ཉེར་ལྔ། ཕྱིའི་རྒྱ་མཚོ་ཆེན་པོའི་ཁ་ཞེང་ཕྱོགས་གཅིག་མུ་ཁྱུད་འཛིན་རི་ནས་དཔག་ཚད་འབུམ་ཕྲག་གསུམ་སྟོང་ཕྲག་ཉེར་གཉིས། རི་དགུ་པ་ཁོར་ཡུག་གི་ལྕགས་རི་ནག་པོ་ནི་ཆུ་མཚམས་ཡན་ལ་དཔག་ཚད་སུམ་བརྒྱ་ཕྱེད་དང་བཅུ་གསུམ་ཡོད་པའོ། །
Domain ཆོས་ལུགས།

{{#arraymap:གླིང་བཞིའི་རི་དགུ་

|; |@@@ | | }}