12086
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྟ་ཁོག་ལུང་པའི་ཕུག་གི་འཇུ་ཁོག་ཟེར་བའི་ལུང་པ་ཆུང་ཆུང་ཞིག་གི་ནང་དུ་ཆགས། ངག་རྒྱུན་ལྟར་ན། དགོན་པ་འདི་ཕྱག་འདེབས་མཁན་ནི་ཨ་འཛོམས་དགོན་གྱི་བླ་མ་རིན་ཆེན་གླིང་པ་ཡིན། བཏབ་པའི་དུས་ཕལ་ཆེར་རབ་བྱུང་བཅོ་ལྔ་པའི་སྟོད་སྟེ་དུས་རབས་བཅུ་དགུ་པའི་དུས་མཇུག་ཙམ་ཡིན། འདུ་ཁང་གི་ནང་རྟེན་གཙོ་བོ་གུ་རུ་གཙོ་འཁོར་གསུམ་དང་། གནས་བརྟན་བཅུ་དྲུག ཐུབ་པའི་གསེར་སྐུ་ཆེ་ཆུང་གཉིས། འབུམ་ཚར་གཅིག་དང་མཆོད་རྟེན་གཅིག་བཅས་ཡོད། ང་བརྒྱད་ལོའི་ཟིང་ཆའི་སྐབས་སུ་བླ་གྲྭ་རྣམས་སྟག་ཕུ་དགོན་པར་བྲོས་བྱོལ་དུ་ཕེབས་ཤུལ་ནས་དགོན་པ་རྟེན་དང་བཅས་པ་ལྷག་མེད་དུ་བཏང་། དེའི་རྗེས་སུ་གླིང་མདའ་སྤྲུལ་སྐུས་དགོན་བདག་མཛད། གཅིག་དགུ་གྱ་གསུམ་ལོར་ད་ལྟའི་དགོན་གནས་འདིར་སྤོར་ནས་སླར་ཡང་འདུ་ཁང་གསར་བཞེངས་མཛད། དེའི་ནང་རྟེན་གྱི་གཙོ་བོ་ནི་མཁན་སློབ་ཆོས་གསུམ་དང་སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མ། བཀའ་འགྱུར་སྡེ་དགེ་པར་མ་ཚར་གཅིག་དང་གཙང་གི་གློག་པར་མ་ཚར་གཅིག བསྟན་འགྱུར་མཚལ་པར་མ་ཚར་གཅིག་བཅས་བཞུགས། གྲྭ་པ་ཉེར་གཉིས་ཡོད། དགོན་པ་འདི་དང་པོ་ནས་ཀཿཐོག་དགོན་པའི་དགོན་ལག་ཡིན་པས་ལོ་རེར་ཀཱཿཐོག་ལ་གྲྭ་པ་འགའ་རེ་མངགས་ནས་ལོ་གསུམ་རེའི་སློབ་གཉེར་བྱེད་སྲོལ་ཡོད། |
{{#arraymap:གླིང་མདའ་དགོན་
|; |@@@ | | }}