12088

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གླིང་མོད་བློ་བཟང་རིན་ཆེན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ས་ཕག་ཕྱི་ལོ་ ༡༧༡༩ ལོར་མདོ་སྨད་མོད་རིགས་སུ་འཁྲུངས། ཆུང་ངུའི་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། འཛིན་གྲྭའི་སྐྱོར་དཔོན་མཛད། བསྡུས་གཞུང་སོགས་གཞུང་བཀའ་པོད་ལྔར་ལེགས་པར་སྦྱངས། སྒྲ་དང་། སྙན་ངག་སོགས་ཐུགས་སུ་ཆུད། རྡོ་བཅལ་རབ་འབྱམས་པའི་མཚན་རྟགས་བཞེས། རྒྱུད་པ་གྲྭ་ཚང་ལ་ཞུགས། གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་དང་བཅས་པར་སྦྱངས གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་ཡོངས་འཛིན་མཛད། ལོ་བཅུའི་རིང་དུས་འཁོར་དཔོན་སློབ་ཀྱི་ཁྲིར་བཞུགས། འཆད་ཉན་དང་། འགྲིག་ལམ་ཀུན་སྤྱོད། དངོས་རྫས་གཏོང་སྒོ་བཅས་ཀྱི་ཐད་དུ་འདུས་མང་ཐུགས་ཡིད་ཚིམ་པར་མཛད། དམུ་དགེའི་དགོན་དུ་རྒྱུད་ཀྱི་འཆད་ཉན་ཡུན་རིང་མཛད། བླ་བྲང་བཀྲ་ཤིས་འཁྱིལ་དུ་དོན་བཞི་པ་རབ་བྱུང་བཅུ་གསུམ་པའི་ཆུ་གླང་ཕྱི་ལོ་ ༡༧༩༣ ལོར་སྐུ་གཤེགས། གསུང་རྩོམ་ནི་ལམ་གྱི་གཙོ་བོ་རྣམ་གྱི་འགྲེལ་བ་དང་། བསླབ་བྱ་མུ་ཐི་ལའི་འཁྲི་ཤིང་གི་འགྲེལ་བ་ཤེས་རབ་པདྨོ་རྒྱས་པའི་ཉིན་བྱེད། མཚན་ཉིད་པའི་བསྟོད་པ་རྒྱས་བསྡུས། མཛོད་ཀྱི་ཟིན་བྲིས། འདུལ་བའི་ཟིན་བྲིས་བཅས་ཐོར་བུ་བཞུགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་བཞི་བ་ཡིན།

{{#arraymap:གླིང་མོད་བློ་བཟང་རིན་ཆེན་

|; |@@@ | | }}