12101
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅུ་པའི་ཆུ་བྱ་ཕྱི་ལོ་ ༡༥༧༣ ལོར་གྲ་ནང་དགོན་པའི་ཞོལ་དུ་འཁྲུངས། ཆུང་དུས་སུ་བསོད་ནམས་རྒྱལ་མཆོག་ལས་དགེ་བསྙེན་བསྒྲུབས། བཅུ་གཉིས་པར་དྭགས་པོ་གྲྭ་ཚང་དུ་ཞུགས། སློབ་དཔོན་བློ་བཟང་ཆོས་འཕེལ་ལས་དགེ་ཚུལ་མནོས། མཚན་ལ་དཀོན་མཆོག་ཆོས་འཕེལ་གསོལ། ཉེར་གཉིས་པར་རྩེས་ཐང་དུ་རབ་འབྱམས་གྲྭ་སྐོར་མཛད། སྐྱིད་ཤོད་དུ་ཕེབས། མདོ་སྔགས་གཉིས་ལ་ཟབ་སྦྱངས་མཛད། ཉེར་བཞི་པར་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ་ལས་བསྙེན་པར་རྫོགས། གསང་ཕུ་ར་སྟོད་དང་། རྒྱུད་སྟོད་པའི་འཆད་ཉན་པ་མཛད། གཙང་སོག་གི་བར་མཛད། སེ་འབྲས་གཉིས་ལ་ཕན་ཐོགས། གཙང་པ་ཡང་དགྱེས། གསང་ཕུའི་ཁྲིར་ཕེབས། གླིང་སྨད་ཆོས་རྗེ་ཞེས་གྲགས། དགའ་ལྡན་ཤར་གྱི་གདན་ས་དང་། བློ་གསལ་གླིང་གཉིས་སྦྲེལ་བའི་བླ་མ་མཛད། ང་བཞི་པ་རབ་བྱུང་བཅུ་པའི་མེ་སྟག་ཕྱི་ལོ་ ༡༦༢༦ ལོར་དགའ་ལྡན་གསེར་ཁྲིར་བཞུགས། གསེར་ཁྲི་ལོ་ངོ་བཅུ་གཉིས་རིང་བསྐྱངས། སྐྱོར་མོ་ལུང་དང་། གསང་སྔགས་མཁར། རིན་ཆེན་གླིང་། འོལ་དགའ་རྫིང་ཕྱི། གསང་ཕུ་རྣམས་སྤྱི་བླའམ་མཁན་པོ་མཛད། དོན་བཞི་པ་རབ་བྱུང་བཅུ་གཅིག་པའི་མེ་ཁྱི་ཕྱི་ལོ་ ༡༦༤༦ ལོར་གསང་སྔགས་མཁར་དུ་སྐུ་གཤེགས། དངུལ་གདུང་རྣམ་རྒྱལ་མཆོད་རྟེན་ནི་དགའ་ལྡན་ལི་མ་ལྷ་ཁང་དུ་བཞུགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་སོ་ལྔ་པ་ཡིན། |
{{#arraymap:གླིང་སྨད་ཞབས་དྲུང་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་
|; |@@@ | | }}