12113

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གླུ་དབྱངས་ཀྱི་ངེས་པ་བདུན་ (1)
Part of speech མིང་ཚིག
Definition སྒྱུ་རྩལ་དྲུག་ཅུ་རེ་བཞིའི་ནང་གསེས་རིགས་ཤིག་སྟེ། ༡ དྲུག་སྐྱེས། དྲུག་སྐྱེས་རྨ་བྱའི་སྐད་ལྟར་སྒྲོག ། ༢ དྲང་སྲོང༌། དྲང་སྲོང་བ་ལང་སྐད་ཀྱིས་རྩོམ། ། ༣ ས་འཛིན། ས་འཛིན་སྐྱེས་ནི་ར་ཡི་སྐད། ། ༤ བར་མ། བར་མ་ཁྲུང་ཁྲུང་སྒྲ་སྒྲོག་བཞིན། ། ༥ ལྔ་ལྡན། ལྔ་ལྡན་མེ་ཏོག་ལྡན་དུས་སུ། །ཁུ་བྱུག་སྐད་སྙན་སྒྲོག་ལྟ་བུ། ། ༦ བློ་གསལ། བློ་གསལ་རྟ་སྐད་ལྟ་བུར་འཚེར། ། ༧ འཁོར་ཉན། འཁོར་ཉན་གླང་པོའི་སྒྲ་ལྟ་བུའོ། །ཅེས་འབྱུང་ཞིང་། དེ་བཞིན་དབྱངས་དེ་དག་ལེན་པའི་དུས་དང་སྐབས་བསྟན་པ་ནི། རྩེད་མོ་རློམ་པར་བླང་བ་ནི། །བར་མ་དང་ནི་ལྔ་ལྡན་དབྱངས། །དཔའ་བོ་དྲག་པོ་ངོ་མཚར་དུ། །དྲུག་སྐྱེས་དྲང་སྲོང་དེ་བཞིན་ནོ། །ས་འཛིན་པ་དང་འཁོར་ཉན་དབྱངས། །སྙིང་རྗེའི་རོ་ལ་བླང་བར་བྱ། །འཐབ་མོ་འཇིགས་དང་བཅས་པ་ལ། བློ་གསལ་དབྱངས་ནི་བླང་བའོ། །
Domain རྩོམ་རིག

{{#arraymap:གླུ་དབྱངས་ཀྱི་ངེས་པ་བདུན་

|; |@@@ | | }}