From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གླུ་ལྟ་བུའི་སེམས་བསྐྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། ཡེ་ཤེས་ཀྱི་ཕར་ཕྱིན་ལ་བརྟེན་ནས་སོ་རིག་བཞིའི་སྒོ་ནས་གདུལ་བྱ་ཡིད་འདུན་པར་བྱེད་པའི་སེམས་བསྐྱེད་ཅིག་ལ་གླུ་ལྟ་བུའི་སེམས་བསྐྱེད་ཅེས་འཇོག ངོ་བོ་ནི། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ནི། ཆོས་ཀྱི་སྒྲ་དབྱངས་སྙན་པ་ལྟ་བུ་ཡིན་ཏེ། སོ་སོ་ཡང་དག་པར་རིག་པ་བཞིས་གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པའི་ཕྱིར། ཞེས་གསུངས། ས་མཚམས་ནི་ས་བཅུ་པ་ནས་ཐོབ་པར་འདོད་དོ། །
|
| Domain
|
ཆོས་ལུགས།
|
གླུ་ལྟ་བུའི་སེམས་བསྐྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
ཕར་ཕྱིན། ཡེ་ཤེས་ཀྱི་ཕར་ཕྱིན་དང་མཚུངས་ལྡན་གྱི་སེམས་ཆོས་ཅན། དྲི་ཟའི་ཆོས་ཀྱི་སྒྲ་དབྱངས་སྙན་པ་ལྟ་བུ་ཡིན་ཏེ། ཁྱོད་ལས་གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པ་འབྱུང་བའི་ཕྱིར། འདི་སོ་སོ་ཡང་དག་རིག་པ་བཞི་མི་ཟད་པའོ། །ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས་སོ། །
|