12136
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | གླུད་རབས་སྣང་སྲིད་སྤྱི་བསྐང་ཆེན་མོ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། འདི་ནི་ཨོ་རྒྱན་ཆེན་པོའི་གསུང་བཞིན་དུས་མཐའི་གཏེར་སྟོན་རིན་ཆེན་དཔལ་བཟང་པོས་རང་གཞན་ལ་ཕན་པའི་བློས་གནུབས་གཡུ་མཚོའི་མགུལ་བདེ་ཆེན་གླིང་གི་དབེན་གནས་སུ་སྦྱར་པའོ༔ ༔ཞེས་གསལ། འདིའི་ནང་དོན་ལ། དང་པོ་རྫས་བསགས་ཤིང་། བར་དུ་གླུད་རབས་ཆོ་འབྲང་འདོན་པ་དང་། རྗེས་སུ་བཀྲ་ཤིས་པའི་དགའ་སྟོན་དང་སྨོན་ལམ་བྱ་བ་སྟེ། རྫོགས་པ་ཆེན་པོའི་འབྱུང་བ་ལྔའི་གླུད་རབས་སྣང་སྲིད་སྤྱི་བསྐང་ཆེན་མོའི་ཆོ་གའི་རིམ་པ་གསུམ་གྱི་སྒོ་ནས་དུས་མིན་འཆི་རྐྱེན་སེལ་བ་དང་། ཕྲིན་ལས་རྣམ་པ་བཞི་ལྷུན་གྱིས་འགྲུབ་པར་བྱ་ཚུལ་བསྟན། |
{{#arraymap:གླུད་རབས་སྣང་སྲིད་སྤྱི་བསྐང་ཆེན་མོ་
|; |@@@ | | }}