12147

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གླེ་ལུང་ཆོས་སྡེ་ (1)
Part of speech མིང་ཚིག
Definition མཚན་རྒྱས་པར། གཉགས་སྟོན་བརྒྱུད་པའི་གདན་ས་གླེ་ལུང་ཆེས་སྡེ་ནི། རྗེ་བཙུན་མི་ལའི་དངོས་སློབ་བླ་མ་འབྲི་སྒོམ་རས་པས་ལུང་བསྟན་པ་ལྟར། རྒྱལ་བའི་རྣམ་སྤྲུལ་མུ་ཅན་དུ་བྱོན་པས་ན་བྱང་ཕྱོགས་མུས་ཞེས་འབོད་པའི་སའི་ཆར། གཉགས་བླ་མ་ཞང་ཁྲོ་ཞེས་བྱ་བས་ཕྱག་བཏབ་ཅིང་། དུས་ཚོད་ཀྱང་འབྲི་སྒོམ་རས་པ་ཞལ་བཞུགས་པའི་སྐབས་སུ་ངེས། གཉགས་བླ་མ་ཞང་ཁྲོ་ལ་སྲས་ཟླ་འབར་དང་། ཉི་འབར། ཞེས་བྱ་བ་གཉིས་བྱུང་ཞིང་། སྲས་ཉི་མ་འབར་ནས་དགོན་འདིའི་མཁན་ཐོག་དང་པོ་མཛད་པ་ནས་བཟུང་། དགོན་འདིར་མཁན་ཐོག་མཐའ་མ་རིན་ཆེན་ཆོས་ལྡན་གྱི་བར་མཁན་ཐོག་ཞེ་བདུན་བྱུང་ཡོད། ཐོག་མར་རྙིང་མ་དང་། བཀའ་བརྒྱུད་ཀྱི་རིང་ལུགས་དར་ཁྱབ་བྱུང་ཡང་ཕྱིས་སུ་མཁན་ཐོག་རིམ་འཕོས་ཀྱིས། ས་སྐྱའི་ཆོས་བརྒྱུད་འཛིན་པའི་མཁན་ཐོག་མང་དུ་བྱོན་པར་བརྟེན། དགོན་འདི་ཡང་ད་ཆ་ས་སྐྱའི་ཆོས་བརྒྱུད་འཛིན་པའི་ཁོངས་སུ་གཏོགས་ཡོད། དེས་ན་ཐོག་མར་ཕྱག་བཏབ་པ་ནས་ད་ལྟའི་བར་དར་རྒུད་སྣ་ཚོགས་ཞིག་བྱུང་ཡང་དགོན་གནས་ཤིག་ཡོད་པ་ཙམ་གྱིས་ཡུལ་ཕྱོགས་དེ་དང་དེར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་ནི་སྨོས་མི་དགོས་པའི་གནས་སུ་གྱུར། དེར་བརྟེན་ད་ལྟའི་ཆར་གཞིས་དགོན་གླེ་ལུང་ཆོས་སྡེར་དགེ་འདུན་པ་གྲངས་ ༣༥ ཙམ་ཡོད་པ་མ་ཟད་བཤད་སྒྲུབ་ཀྱི་ཆོས་འཁོར་ཡང་ཕྲན་བུ་ཡར་རྒྱས་འགྲོ་བཞིན་ཡོད།

{{#arraymap:གླེ་ལུང་ཆོས་སྡེ་

|; |@@@ | | }}