12151
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཡི་གེ་བྲིས་པའི་གླེགས་བུའམ་ཚལ་བུ་མང་པོ་ཕྱོགས་གཅིག་ཏུ་བསྡུས་པའི་དཔེ་ཆ་སྟེ། དེ་སྔོན་བོད་དུ་གསུང་རབ་ཀྱི་དཔེ་ཆ་རྣམས་ཕྱོགས་བསྒྲིགས་བྱེད་སྐབས་ཚེག་བར་སུམ་ཅུ་སོ་གཉིས་ནས་སོ་དྲུག་གང་རུང་ལ་ཤོ་ལོ་ཀ་རེ་དང་ཤོ་ལོ་ཀ་སུམ་བརྒྱ་ལ་བམ་པོ་རེར་བྱས་ཏེ་གླེགས་ཤིང་གཉིས་ཀྱི་བར་དུ་བསྡམས་ནས་འཇོག་པ་ལ་གླེགས་བམ་གཅིག་ཏུ་བརྩིས་པ་དང༌། རྗེས་སུ་གླེགས་བམ་ཆེ་བར་ཤོག་གྲངས་ལྔ་བརྒྱ་ཡས་མས་དང༌། འབྲིང་བར་ཤོག་གྲངས་སུམ་བརྒྱ་ནས་བཞི་བརྒྱ་ཙམ། ཆུང་བར་ཤོག་གྲངས་ཉིས་བརྒྱ་ལྷག་ཙམ་ཡོད། བོད་ཡིག་གི་ཤོག་གྲངས་ནི་ཤོག་ངོས་རྒྱབ་མདུན་གཉིས་ཤོག་གྲངས་གཅིག་ཏུ་རྩི་བ་ཡིན། གླེགས་བམ་རྣམས་ལ་ཁྱད་ཆོས་བདུན་དང་ལྡན་པ་སྟེ། ཡིག་འབྲུའི་མཐའ་སྣེ་མི་འཆོལ་བའི་ཆེད་དུ་མཐའ་ཐིག ཤོག་ངོས་སོ་སོའི་རྒྱབ་བདུན་མི་ནོར་བའི་ཆེད་དུ་ཡིག་མགོ ། ཤོག་ངོས་སྔ་ཕྱིའི་གོ་རིམ་མ་འཛོལ་བའི་ཆེད་དུ་ཤོག་གྲངས། ལེ་ཚན་ཕན་ཚུན་མི་འཁྲུགས་པའི་ཆེད་དུ་མཚན་བྱང༌། གླེགས་བམ་ཧྲིལ་པོར་སྲུང་སྐྱོབ་བྱ་བའི་ཆེད་དུ་གླེགས་ཤིང༌། གླེགས་བམ་ཕན་ཚུན་མི་འདྲེས་པའི་ཆེད་དུ་གླེགས་ཐག དད་གུས་དང་མཆོད་པའི་ཆེད་དུ་ན་བཟའ་འབུལ་སྲོལ་ཡོད་པ་ཡིན། |
Keyword | True |
{{#arraymap:གླེགས་བམ་
|; |@@@ | | }}