12161

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གླེང་གཞི་ཕུན་སུམ་ཚོགས་པ་བསྟན་པའི་ལེའུ་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པའི་ལེའུ་བཞི་བཅུ་ཞེ་བདུན་པ་སྟེ། ལེའུ་འདི་རྒྱུད་དེའི་བཤད་རྒྱུད་དུ་གཏོགས་ཤིང་། ནང་དོན་ལ་བྱུང་ཚུལ་བཅུ་གཉིས་ཀྱི་མཐའ་མ་དགོངས་པ་རྣམ་པར་བགྲོ་བའི་བྱུང་ཚུལ་ལ་ཆོས་ཀྱི་རྣམ་གྲངས་བཅུར་བགྲོ་བ་ལས། དང་པོ་མཛོད་དུ་འཇུག་པར་བྱ་བའི་ངེས་པའི་གསང་སྒོར་རྒྱུའི་ཡན་ལག་སྐུ་བཞིའི་གླེང་གཞི་ལོ་རྒྱུས་སུ་བརྗོད་པ་དང༌། དེ་དག་མ་འདྲེས་ཡོངས་རྫོགས་སུ་བཞུགས་པས་ཞུ་བ་སྒུག་ཚུལ་བཅས་བསྟན། རྒྱུད་ཆེན་པོ་འདིའི་ལུགས་ལ་ཆོས་ཉིད་བརྒྱུད་ནས་སྟོན་པ་དང་ཅར་ཕོག་ཏུ་སྟོན་པ་ལ་དྲང་དོན་ངེས་དོན་དུ་བྱས་པ་ལ་ལེའུ་འདིས་དྲང་དོན་དང་ངེས་དོན་གཉིས་ཀ་སྟོན་ཞེས་གཟི་ལྡན་འཆར་ཁའི་འོད་སྣང་དུ་གསལ། བཀའ་འགྱུར་རྙིང་རྒྱུད་ཀ་པར་བཞུགས།

{{#arraymap:གླེང་གཞི་ཕུན་སུམ་ཚོགས་པ་བསྟན་པའི་ལེའུ་

|; |@@@ | | }}