12247

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གློ་ (1)
Part of speech མིང་ཚིག
Definition གཡས་གཡོན་གྱི་གཞོགས་སམ་རྩིབ་ལོགས་ཀྱི་དོན་ཏེ།
Example གློ་གཡས་པ་ས་ལ་ཕབ་ནས་ཉལ། གློ་ཁུག་ནང་དུ་སྒོར་མོ་ཡོད། གློ་སྒོ་བརྒྱུད་ནས་སོང་། ལྟ་བུ།
གློ་ (2)
Part of speech མིང་ཚིག
Definition སྒ་བརྟན་བྱེད་ཀྱི་ཆིངས་སམ་ཐག་པའི་མིང་སྟེ།
Example གློ་ཐག་ལྷོད་ན་རྟ་ལ་སྒ་མི་གནོད་པར་ཕན་ལྟ་བུ།
གློ་ (3)
Part of speech མིང་ཚིག
Definition དོན་ལྔའི་ཡ་གྱལ་གློ་བ་ཡི་ཚིག་བསྡུས་པ་སྟེ།
Keyword True
Example གླ་བའི་ནད་ལ་གློ་ནད་ལྟ་བུ།